རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟི་ཡིས་བརྗོད་དོན་སློབ་གསོ་སྤེལ།
2023.06.10 ཁུངས། ཀློག་གྲངས། 64

གསར་འགོད་པས་ཞིང་ཆེན་གློག་ཤུགས་ཀུང་ཟི་ལས་རྒྱུས་ལོན་བྱུང་པ་ལྟར་ན། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན་དམ་འཛིན་བྱས་ནས། རྒྱལ་ཁབ་གློག་དྲའི་ཏང་རྩ་འཛུགས་ཀྱི་འབྲེལ་ཡོད་བཀོད་སྒྲིག་རེ་བ་ལག་བསྟར་བྱས། སེམས་རྩེ་གཅིག་ལ་གཞོལ་ནས་བླ་སྲོག་སྐྲུན་པའི་སློབ་ཁྲིད་ཅེས་པ་དང་། མཉམ་དུ་འཕེལ་རྒྱས་ལ་སྐུལ་བའི་སློབ་ཁྲིད་ཅེས་པ། རིག་སྟོབས་འཕེལ་བར་བྱེད་པའི་སློབ་ཁྲིད་ཅེས་པ་སོགས་བཟང་བོར་སྒྲུབ་ནས། ཆབ་སྲིད་དང་འཇོན་ནུས། ཡར་ཐོན་བཅས་ཀྱི་རྒྱུགས་ལན་བཟང་བོ་སྤྲད་ནས། བསླབ་ནས་བློ་སྦྱོང་དང་། བསླབ་ནས་རིག་པ་སྦྱོང་བ། བསླབ་ནས་སྤྱོད་ཚུལ་བསྐྱངས་པ། བསླབ་ནས་ལས་བརྩོན་ལ་སྐུལ་པ་བཅས་ཀྱི་ཕྱོགས་སུ་གྲུབ་འབྲས་བཟང་བོ་བླངས། 

རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱི་འགོ་ཁྲིད་ཁོངས་མི་ཚོས་སྔོན་ལ་དཔེར་སྟོན་བྱས་ནས། ཐོག་མར་བསླབ་ནས། སློབ་སྦྱོང་གཏིང་ཟབ་བྱེད་ཅེས་པ་རྒྱུན་འཁྱོངས་བྱས་ནས། ཏང་ཨུའི་གྲོས་ཚོགས་ཀྱི་གྲོས་དོན་ཐོག་མར་འཇོག་པ་དང་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་སློབ་སྦྱོང་ཚོགས་པ་སོགས་ཀྱི་རྣམ་པ་སྤྱད་ནས། དུས་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོར་འབྲེལ་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་བྱས་ནས། བརྗོད་དོན་སློབ་གསོ་དེ་མི་སེམས་སུ་སིམ་པར་བྱས། སློབ་སྦྱོང་དུས་རིམ་གསུམ་དུ་དགར་ཞིང་། ཉིན་བདུན་གྱི་དུས་ཚོད་རིང་ལ། སྔོན་སྦྱོང་དང་སློབ་ཁྲིད། སློབ་ཁྲིད་རྗེས་ཀྱི་མྱོང་ཚོར་བཅས་ཀྱི་རྣམ་པ་སྣ་མང་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་སློབ་སྦྱོང་དཀར་ཆག་ཁོང་དུ་ཆུད་པར་བྱས། ཏང་ཡོན་ལས་བྱེད་དང་འགོ་ཁྲིད་ཁྱོན་བསྡོམས་མི་སོ་བརྒྱད་རྩ་འཛུགས་བྱས་ནས་དཔྱད་གླེང་བརྗེ་རེས་བྱས་ལ། བསླབ་ནས་བླ་སྲོག་སྐྲུན་པ་དང་། སྒྲུབ་ནས་བློ་དཀར་ཡོང་བར་བྱེད་པའི་ཆབ་སྲིད་ཀྱི་འགན་ཁུར་ཁག་ཐེག་བྱས། ཏང་ཀྲི་པུའུ་སུམ་བརྒྱ་དང་དོན་བདུན་ལ་དཔེ་སྟོན་སྣེ་ཁྲིད་བྱས་ཤིང་། ཏང་ཡོན་བཞི་སྟོང་དྲུག་བརྒྱ་དྲུག་ལྷག་ལ་ཡར་སྐུལ་བྱས་ནས། སློབ་ཁྲིད་ཁྲོད་དུ་གོ་རྟོགས་མཐོར་འདེགས་བྱུང་དུ་བཅུག 

ཕྱི་ལ་ཁ་གཏོད་པ་དང་ནང་ལ་ཁ་གཏོད་པའི་སློབ་སྦྱོང་གི་རྣམ་པ་བཟོས་ཤིང་། སློབ་སྦྱོང་གི་དཔེ་སྟོན་རང་བཞིན་དང་སྣེ་ཁྲིད་རང་བཞིན་སྔར་མེད་རྒྱ་སྐྱེད་བྱས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཟོ་ཚོགས་འཐུས་མིའི་ཏང་ཀྲི་པུའུ་དང་ཆིན་ཧྭ་སློབ་ཆེན་གློག་འཕྲུལ་སྡེ་ཁག་གཉིས་དང་མཉམ་འབྲེལ་བྱས་ནས་མཉམ་སློབ་མཉམ་འཛུགས་ཀྱི་བརྗོད་དོན་སློབ་གསོའི་བྱ་བ་སྒྲུབ་ལ། དགོངས་པ་སློབ་པ་དང་། བླ་སྲོག་སྐྲུན་པའི་རྩ་བ་ཇེ་བརྟན་དུ་གཏོང་ཞེས་པ་བརྗོད་དོན་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་ཆེད། བརྗོད་དོན་སློབ་གསོའི་དཔེ་སྟོན་བསླབ་ཚན་གྱི་ཏང་གི་སློབ་ཁྲིད་བྱ་འགུལ་སྤེལ་ལ། ཏང་ཀྲི་པུའུ་ཧྲུའུ་ཅིའི་ལྟ་སྦྱོང་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྔར་ལས་མཉམ་ཤུགས་གཅིག་བསྡུས་དང་། འགན་ཁུར་ཇེ་དྲག་ཏུ་བཏང་ལ། སློབ་སྦྱོང་གཏིང་ཟབ་བྱས་ནས་གོ་བ་ལེན་པའི་ཁྲོད་དུ་གཞུང་ལུགས་གསོ་སྦྱོང་གི་ཆུ་ཚད་མཐོར་འདེགས་བྱུང་། ཉིན་རེའི་སློབ་སྦྱོང་གི་གསལ་ཐོ་བཟོས་ནས། ཏང་འཛུགས་ཀྱི་རིག་གནས་སྐྱེད་ཚལ་ཁྲོད་དུ་ཉིན་རེར་ཞི་ཅིན་ཕིང་གི་ལེགས་བཤད་རེ་མཉམ་སྤྱོད་བྱེད་པ་དང་། སློབ་སྦྱོང་ཁྲིད་སྟོན་བྱང་བུ་བཟོས་ནས། སློབ་སྦྱོང་བྱེད་པའི་མཁའ་དབུགས་བཟང་བོ་བསྐྲུན།

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།