ཞིང་ཆེན་སྤྱི་བདེ་ཐིན་གྱིས་བརྗོད་དོན་སློབ་གསོ་སྤེལ།
2023.06.10 ཁུངས། ཀློག་གྲངས། 64

ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་ནས། སློབ་གསོའི་སྦྱོང་བརྡར་གྱི་སློབ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་བརྗོད་དོན་སློབ་གསོའི་ལག་ལེན་དང་དམ་འཛིན་བྱ་ཡུལ་དུ་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སློབ་གསོའི་ཟབ་སྦྱོང་གནས་ཚུལ་ལ་ལྟ་སྐུལ་བྱེད་པའི་བྱ་བ་གཅིག་བསྡུས་སྒོས་སྤེལ་ཏེ། སློབ་གསོའི་ཟབ་སྦྱོང་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཐག་གིས་གཅོད་པར་སྐུལ་འདེད་དང་། སློབ་གསོའི་ཟབ་སྦྱོང་དེ་གཏིང་ཟབ་དང་དངོས་གཉེར་ཡོང་བར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཉེན་རྟོག་ཕྱོགས་ཀྱི་སྤུས་ཚད་ནུས་པ་མཐོར་འདེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས། 

ཞིང་ཆེན་སྤྱི་བདེ་ཐོན་གྱིས་ཚད་མཐོ་བའི་སྒོ་ནས་སློབ་སྲོལ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས། སློབ་གསོ་ཟབ་སྦྱོང་དང་རུ་དཔུང་འཛུགས་སྐྲུན་གྱི་རྒྱང་རིང་བའི་འཕེལ་རྒྱས་ལ་རྐང་བཙུགས་ནས། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ཟུང་འབྲེལ་གྱིས་ལས་ཀའི་འཆར་འགོད་བཟོ་བར་ཞིབ་འཇུག་བྱས་པ་དང་། ཐིན་རིམ་པའི་སློབ་སྲོལ་ལྟ་སྐུལ་བྱ་བའི་ཚན་ཆུང་བཙུགས་ནས། དམིགས་འབེན་གྱི་བླང་བྱ་དང་དུས་རིམ་གྱི་འགན་ཁུར་གསལ་བོ་བཟོས་ཏེ། ཚད་བསྡུར་བཞིའི་བཀོད་སྒྲིག་རེ་བ་ལྟར། རིགས་བཞི་དང་རྣམ་གྲངས་བཅུ་དགུའི་གནད་དོན་གསལ་ཐོ་བཟོས་ནས་ལྟ་སྐུལ་བྱ་བ་སྤེལ་ནས། སློབ་གསོའི་ཟབ་སྦྱོང་བྱ་བ་ཁ་ཕྱོགས་མི་ནོར་བ་དང་ཤུགས་ཚད་ཇེ་ཞན་དུ་མི་འགྲོ་བར་ཁག་ཐེག་བྱས་ཤིང་། སྤྱི་བདེ་སློབ་གསོའི་ཟབ་སྦྱོང་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་མེད་མཐོར་འདེགས་བྱུང་དུ་བཅུག 

དུས་མཉམ་དུ། ཞིང་ཆེན་སྤྱི་བདེ་ཐིན་གྱིས་སློབ་སྲོལ་ལྟ་སྐུལ་དང་སློབ་གསོའི་ཟབ་སྦྱོང་བྱ་བ་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཟབ་སྦྱོང་ཁྲོད་ཀྱི་གནད་དོན་སྣ་ཚོགས་གྲལ་བཤེར་བྱས་ཏེ། གནད་དོན་གྱི་རྩ་བ་རྙེད་པར་བྱེད་པ་དང་། མི་འདང་ས་ཁ་གསབ་དང་ཞན་ས་ཇེ་བཟང་དུ་བཏང་ནས། དུས་ལྟར་ཟབ་སྦྱོང་གི་དོ་དམ་བྱེད་ཐབས་དང་སློབ་མའི་དོ་དམ་བྱེད་ཐབས་བཟོས། དུས་མཉམ་དུ། སྤྱི་བདེ་ལས་ཁུངས་ཀྱི་ཟབ་སྦྱོང་བྱ་བའི་ཕྱོགས་གསུམ་མཉམ་འབྲེལ་ཞིབ་བཤེར་བྱ་བའི་རྐྱེན་སྲོལ་བཙུགས་ལ། སྒྲིག་སྲོལ་སྤྱོད་ཚུལ་ལྟ་སྐུལ་བ་བཙུགས་ནས། ཁ་པར་དང་བརྙན་ལམ་ནས་དུས་ངེས་མེད་དུ་ཞིབ་བཤེར་བྱེད་པ་དང་། ཡུལ་དངོས་ནས་ལྟ་སྐུལ་བྱེད་པ་སོགས་ཀྱི་བྱ་བའི་བྱེད་ཐབས་སྤེལ། གནད་དོན་རྙེད་ཚེ་དུས་ལྟར་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་ནས། ལྟ་སྐུལ་ཕན་འབྲས་ཀྱིས་སློབ་གསོའི་ཟབ་སྦྱོང་བྱ་བ་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་འགྲོ་བའི་ཕྱོགས་སུ་སྐུལ་འདེད་བཏང་ནས། མཉམ་བསྐྱོད་མཉམ་དར་དང་ཕན་ཚུན་ལེགས་ཕྱོགས་སུ་སྐུལ་འདེད་བྱེད་པ་མངོན་འགྱུར་བྱས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།