《ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ཅེས་པའི་དཔེ་དེབ་ཉེ་སྔོན་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་སུ་བཀྲམས།

བུད་མེད་ཀྱི་ལས་དོན་ནི་དུས་ནམ་ཡང་ཏང་དང་མི་དམངས་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་ཁྱོན་ཡོངས་ལ་དམིགས་ནས། བུད་མེད་ཀྱི་བྱ་བར་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་གང་ལེགས་བཏང་བ་དང་། ཏང་གིས་བུད་མེད་བྱ་བར་མགོ་ཁྲིད་པར་ཤུགས་བསྣན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་སྐོར་ལ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བའི་ཐུགས་རྒྱ་ཡངས་ལ། ནང་དོན་ཕུན་སུམ་ཚོགས་ཤིང་། དགོངས་པ་གཏིང་ཟབ། དེ་དུས་རབས་གསར་པའི་སྐྱོད་ལམ་གསར་པར་བུད་མེད་ལས་དོན་གོང་དུ་སྤེལ་བ་དང་། བུད་མེད་བྱ་བ་བཟང་བོར་སྒྲུབ་པ། ཕོ་མོ་འདྲ་མཉམ་སོགས་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། རྒྱ་ཆེའི་བུད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་པར་ཁྲིད་སྟོན་བྱེད་པ་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

《རྣམ་བཤད་བཏུས་སྒྲིག》ཅེས་པ་ཆེད་དོན་བརྒྱད་དུ་བགོས་ཡོད་པ་དང་། བསྡོམས་པས་རྣམ་བཤད་ཚན་པ་བརྒྱ་དང་དོན་བཞི་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ནས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་གསུམ་པའི་ཚེས་དྲུག་ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། གསལ་བཤད། རྟེན་འབྲེལ་ཞུ་ཡིག མཛུབ་སྟོན། མཆན་བཀོད་སོགས་ཡིག་ཚགས་གལ་ཆེན་ལྔ་བཅུ་ལྷག་ལས་བཏུས་པ་རེད། དེའི་ནང་གི་རྣམ་བཤད་ཁག་ཅིག་ནི་ཐོག་དང་བོར་ཡོངས་བསྒྲགས་བྱས་པ་རེད།