སི་ཁྲོན་གྱིས་སློབ་སྦྱོང་གཏིང་ཟབ་དང་ཕན་འབྲས་དངོས་ལ་བརྟེན་ནས་ཆུ་ཚད་སྔར་ལས་མཐོ་བའི་འབྲུ་མཛོད་འཛུགས་སྐྲུན་བྱེད་རྒྱུ་རེད།
2023.06.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

སི་ཁྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། བསླབ་ནས་ལས་ལ་སྐུལ་ཏེ་གཞི་རིམ་དུ་ཟབ་ཞུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར་རྨོ་ཞིང་དམར་མཚམས་ནན་སྲུང་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱས་ཏེ་དུས་རབས་གསར་པར་ཆུ་ཚད་སྔར་ལས་མཐོ་བའི་ཐེན་ཧྥུའུ་འབྲུ་མཛོད་ཧུར་ཐག་གིས་བཏོད།

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། སི་ཁྲོན་གྱིས་རྣམ་པ་སྣ་མང་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མ་ལག་དང་དོན་སྙིང་། ལག་ལེན་བླང་བྱ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་། གཞུང་ལུགས་སློབ་སྦྱོང་གིས་ལག་ལེན་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གིས་འཕེལ་རྒྱས་དཀའ་གནད་ཐག་གཅོད་ལ་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བའི་ལག་བསྟར་ཇུས་གཞི་བཟོས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་འཐབ་ཕྱོགས་དང་པོར་བསྐྱོད་དེ་དོན་དངོས་གནས་ཚུལ་དང་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱས་ནས། བརྟག་དཔྱད་ཞིབ་འཇུག་གི་མཇུག་འབྲས་གཏིང་ཟབ་པ་དང་རིན་ཐང་ཡོད་པ། ཕན་འབྲས་ལྡན་པར་འགན་སྲུང་བྱས།

སི་ཁྲོན་དུ་ཞིང་ལས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སི་ཁྲོན་གྱིས་ཞིང་ལས་དཔལ་འབྱོར་གྱི་བསྡོམས་འབོར་མུ་མཐུད་དུ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱས་ཤིང་། འབྲུ་རིགས་ཐོན་ཚད་རྒྱ་མ་ཐེར་ཆེན་བདུན་ལས་བརྒལ་བ་དང་། ཞིང་ལས་ཐོན་རྫས་རིགས་སྣ་བཅོ་ལྔའི་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས། གནས་བབ་གསར་པའི་འོག་ཏུ། ཇི་ལྟར་དོན་དངོས་ལ་རྐང་བཙུགས་ནས་ཆུ་ཚད་སྔར་ལས་མཐོ་བའི་ཐེན་ཧྥུའུ་འབྲུ་མཛོད་འཛུགས་སྐྲུན་བྱེད་པའི་ཐད་ནས། སི་ཁྲོན་གྱི་སྡེ་ཁག་མང་པོས་རྟོག་ཞིབ་ཚན་ཆུང་མངགས་ནས་ཞིང་གྲོང་དུ་བསྐྱོད་པ་དང་ཞིང་བ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། སི་ཁྲོན་མངའ་ཁོངས་ཀྱི་བཅུ་ཆའི་བརྒྱད་ནི་རི་ཁུལ་དང་ས་མཐོ་ཡིན་པ་དང་། རྨོ་ཞིང་གཙོ་བོ་ཤར་ཕྱོགས་ཀྱི་གཤོང་ས་དང་རི་ཁུལ་དམའ་སར་གཅིག་སྡུད་དུ་ཁྱབ་ཡོད་ལ།  ས་ཁོངས་འདི་དག་གི་མཐོ་དམའ་ཧེ་བག་ཆེ་བ་དང་རྒྱ་ཁྱོན་ཆུང་བ། ས་ཆུ་སྲུང་འཛིན་གྱི་ནུས་པ་ཞན་པས་འཕྲུལ་ཆས་ཅན་གྱིས་ལས་ཀ་བྱེད་པར་བཀག་རྒྱ་ཆེན་པོ་ཐེབས་ཡོད།

དེ་ལས་གཞན། སི་ཁྲོན་གྱིས་ད་དུང་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་བྱེད་པ་དང་། ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་སོགས་དང་ཟུང་འབྲེལ་བྱས་ནས་ཞིང་སར་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་བྱས་ཏེ། རྨོ་ཞིང་ཁ་ཐོར་དུ་སོང་བའི་ཞིང་ས་ཆེན་པོ་མངོན་འགྱུར་དང་། ཞིང་ལས་གཞི་ཁྱོན་ཅན་དང་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་།

འབྲུ་རིགས་ལེགས་པོ་འདེབས་པར་ཞིང་ས་ལེགས་པོར་སྲུང་དགོས། བརྗོད་དོན་སློབ་གསོའི་ཁྲོད་དུ་སི་ཁྲོན་གྱིས་རྨོ་ཞིང་དམར་ཐིག་བརྟན་སྲུང་བྱས་ཏེ་འབྲུ་རིགས་ཐོན་ཁུལ་རྩ་ཆེན་ལ་སྲུང་སྐྱོང་བྱེད་དགོས་ཞེས་པ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ཡོད་ལ། མིག་སྔར། སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་རྟོག་ཞིབ་བྱེད་པའི་རྨང་གཞིའི་སྟེང་གོ་རིམ་ཡོད་པའི་སྒོ་ནས་ཁྱབ་ཁོངས་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་། རྨོ་ཞིང་གང་བྱུང་དུ་བཟུང་བ་ཇེ་མང་དུ་འགྲོ་བ་སོགས་ཀྱི་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བཞིན་འདུག

འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་། མིག་སྔར། སི་ཁྲོན་གྱིས་བརྗོད་དོན་སློབ་གསོའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས། ལས་རིགས་ཡོངས་དང་ཁྱབ་ཁོངས་ཡོངས་སུ་རྟོག་ཞིབ་དང་དགོས་མཁོ་དྲིས་པ་དང་། ཞིང་ས་ཕྱོགས་བསྡུས་བཅོས་སྐྱོང་ལ་དམིགས་པ་དང་། ཞིང་ལས་སྣེ་ཁྲིད་མི་སྣ་གསོ་སྐྱོང་བྱེད་པ། ཞིང་ལས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཚན་རྩལ་ཞིང་དར་སོགས་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས་རེ་རེ་བཞིན་ཞིབ་བསྡུར་དང་ཞིབ་འཇུག་ཐག་གཅོད་བྱས། ཅང་མ་འགོར་བའི་སྔོན་ལ། སི་ཁྲོན་གྱིས་དུས་རབས་གསར་པར་ཆུ་ཚད་སྔར་ལས་མཐོ་བའི་ཐེན་ཧྥུའུ་འབྲུ་མཛོད་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞི་དཔར་ནས་བཀྲམ་པ་དང་། ཞིང་ལས་ཐོན་སྐྱེད་ཐོན་ལས་ཅན་དང་གཞི་ཁྱོན་ཅན། ལས་རིགས་ཅན་གྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་བརྟན་པོ་བཏང་།

ཤ་བོ་གསེར་མཚོས་བསྒྱུར།