ཟླ་6པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་དང་གྲོས་མོལ་མཛད།
ཟླ6པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཁ་སི་ཐི་ལོ་ནི་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་མཁན་གྱི་ཧུང་ཏུའུ་ར་སིའི་ཙུང་ཐུང་ཐོག་མ་ཡིན་པ་དང་། ཁྱེད་ཀྱིས་འཚམས་འདྲི་གནང་བ་དེས་ཀྲུང་གོ་དང་ཧུང་ཏུའུ་ར་སིའི་བར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བཏོད་ཡོད། ད་ལོའི་ཟླ3པར་ཀྲུང་གོ་དང་ཧུང་ཏུའུ་ར་སིའི་བར་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བའི་མགོ་ཡག་པོ་བཙུགས་ནས་གསོན་ཤུགས་ལྡན་ཞིང་མདུན་ལྗོངས་རྒྱ་ཆེན་པོ་མངོན་ཡོད། ཀྲུང་གོ་དང་ཧུང་ཏུའུ་ར་སིའི་བར་འབྲེལ་བ་བཙུགས་པ་ནི་དེང་ལ་འབད་པ་བྱས་ན་བསྐལ་བརྒྱར་ཕན་པའི་བྱ་གཞག་ཅིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་དང་ཧུང་ཏུའུ་ར་སིའི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་ཧུང་ཏུའུ་ར་སིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཧུང་ཏུའུ་ར་སི་བར་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་བྱེད་འདོད་ཡོད། ངས་ཁྱེད་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ངོས་ཐད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་དེ་དངོས་གནས་དྲང་གནས་ཀྱི་གྲུབ་འབྲས་སུ་འགྱུར་བར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད་ལ། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཧུང་ཏུའུ་ར་སིའི་བར་གྱི་འབྲེལ་བ་བརྟན་པོ་དང་འོད་སྣང་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཡང་དག་པའི་ཁ་ཕྱོགས་བརྟན་པོ་འཛུགས་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་ཧུང་ཏུའུ་ར་སིའི་བར་འབྲེལ་བ་འཛུགས་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་ཆབ་སྲིད་ཀྱི་རྨང་གཞི་ཡིན་པས། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཆད་ལུས་མེད་པར་དོན་འཁྱོལ་བྱེད་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧུང་ཏུའུ་ར་སི་ཕྱོགས་ལ་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་ལ་སྲུང་སྐྱོབ་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་ཚིས་ལེགས་བཅོས་བཅས་ཀྱི་ཆེད་དུ་འབད་བརྩོན་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གདམ་ག་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུཡིན་ལ། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཧུང་ཏུའུ་ར་སིའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན་ཞིང་། ཧུང་ཏུའུ་ར་སིའི་བར་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱ་རྒྱུར་ཤུགས་བསྣན་ནས། དབུལ་ཕོངས་སེལ་བ་དང་། སྤྱི་ཚོགས་བཅོས་སྐྱོང་། རུལ་སུངས་ལ་ཆད་གཅོད་སོགས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུ་དང་། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་བཅས་ཀྱིས་ཕྱོགས་ཡོངས་ནས་བརྗེ་རེས་མཉམ་ལས་སྤེལ་བར་སྐུལ་མ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལམ་སྲོལ་གྱི་གདུང་བཞི་ཀ་བརྒྱད་བཙུགས་ནས་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུ་སྤྱི་འདོམས་སུ་བྱས་ཏེ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧུང་ཏུའུ་ར་སི་ཕྱོགས་ཀྱི་ཁྱད་ལྡན་ཐོན་རྫས་སྔ་མོ་ནས་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཧུང་ཏུའུ་ར་སིའི་བར་དུ་རང་མོས་ཉོ་ཚོང་གི་གྲོས་མཐུན་མགྱོགས་མྱུར་ངང་འགོད་འདོད་ཡོད། ཕྱོགས་གཉིས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཧུང་ཏུའུ་ར་སི་བར་གྱི་མཛའ་མཐུན་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧུང་ཏུའུ་ར་སི་ཕྱོགས་དང་ཕྱོགས་མང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལ་མཉམ་དུ་སྲུང་སྐྱོང་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧུང་ཏུའུ་ར་སི་དང་བཅས་པའི་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཐུན་མོང་སྒྲིག་གཞིའི་གླེང་སྟེགས་འཛུགས་སྐྲུན་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཁྱོན་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཟླ་6པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་དང་གྲོས་མོལ་མཛད།
ཁཱ་སི་ཐི་ལོ་ཡིས་བསྟན་དོན། ཀྲུང་གོའི་བར་དུ་འབྲེལ་བ་བཙུགས་པ་དེ་ནི་ཧུང་ཏུའུ་ར་སི་སྲིད་གཞུང་གིས་ལོ་རྒྱུས་རང་བཞིན་གྱི་གདམ་ག་བྱས་པ་ཞིག་ཡིན་པས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ངེས་རེད། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་བརྩི་སྲུང་བྱས་ནས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་ཆེད་འབད་བརྩོན་བྱས་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཀྲུང་གོར་རླབས་ཆེན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད་པས་ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཡིད་སྨོན་ཆེན་པོ་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱ་རྒྱུའི་གྲོས་མགོ་དང་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ། འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ། འཛམ་གླིང་ཧྲིལ་པོའི་ཤེས་རིག་གི་གྲོས་མགོ་བཅས་ནི་འཛམ་གླིང་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་པའི་སྔར་ལས་ཞི་བདེ་དང་བདེ་འཇགས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཕན་པ་ཡོད་པ་དང་། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་དང་དེའི་ནང་ཧུར་ཐག་གིས་ཞུགས་རྒྱུ་ཡིན། ཧུང་ཏུའུ་ར་སི་ལ་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ཚེ་ཧུང་ཏུའུ་ར་སི་ཕྱོགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་དང་སྔར་ལས་ཡག་པོ་འཐོབ་རྒྱུར་ཕན་ཐོགས་ཡོད་པར་ཡིད་ཆེས་བརྟན་པོ་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ཟླ་གཉིས་ལྷག་ཙམ་གྱི་རིང་ལ་མཉམ་ལས་འཕེལ་རྒྱས་མགྱོགས་མྱུར་བྱུང་བས་ཧུང་ཏུའུ་ར་སི་ཕྱོགས་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཚོང་དོན་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས། གློག་འཕྲིན། ནུས་ཁུངས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་གཏོང་རྒྱུར་རེ་བ་བྱེད་ཀྱིན་ཡོད། ཧུང་ཏུའུ་ར་སི་ཕྱོགས་ཀྱིས་ལ་ཏེན་མེ་གླིང་གཅིག་མཐུན་ཚོགས་པ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ལ། ཧུང་ཏུའུ་ར་སི་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་དུས་ཚོད་ཀྱི་ཚོད་བགམ་ཐེབས་ངེས་ཡིན་པ་དང་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས།
གྲོས་མོལ་མཇུག་སྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱུད་གཅིག་ལམ་གཅིག་དང་སྤུས་ཚད་ཞིབ་བཤེར། དཔལ་འབྱོར་ཚོང་དོན། ཞིང་ལས། ཚན་རྩལ། རིག་སློབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།
ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧུང་ཏུའུ་ར་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
ཟླ་6པའི་ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལུའོ་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཁཱ་སི་ཐི་ལོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
གྲོས་མོལ་མ་བྱས་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཁཱ་སི་ཐི་ལོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཟླ་6པའི་ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལུའོ་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཁཱ་སི་ཐི་ལུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཟླ་6པའི་ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཁཱ་སི་ཐི་ལོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཟླ་6པའི་ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧུང་ཏུའུ་ར་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཁཱ་སི་ཐི་ལོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཁཱ་སི་ཐི་ལོ་ཕེབས་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ཤིང་། དམག་དཔུང་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཧུང་ཏུའུ་ར་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བར་མ་ཟད་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21བཏང་བ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཁཱ་སི་ཐི་ལོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་དམག་དཔུང་གི་རུ་སྟར་ལའང་གཟིགས་ཞིབ་གནང་།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཁཱ་སི་ཐི་ལོ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་ཡུས་དང་ཆིན་ཀང་སོགས་གོང་གསལ་བྱ་འགུལ་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།