ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སྔ་གཞུག་ཏུ་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་སྐབས་གསུམ་པར་ཞུགས་པའི་རྒྱལ་ཁབ་པུའུ་ཨུའི་མགོ་ཁྲིད་དང་། སྤུན་ཟླ་ཞིང་ལྗོངས་དང་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་མགོ་ཁྲིད། ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་། རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཕྱིའི་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་མི། རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་རིགས་ཁ་ཤས། ཁེ་ལས་གྲགས་ཅན་དང་རྒྱལ་ཁབ་སོ་སོའི་ས་གདན་ཚོང་གཉེར་མཐུན་ཚོགས་ཀྱི་འཐུས་མི་བཅས་ལ་ཐུག་འཕྲད་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སྐུ་མགྲོན་རྣམས་འགྲེམ་ཚོགས་ལ་ཕེབས་པར་བཀའ་དྲིན་དང་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་དང་འགྲེམ་སྟོན་ཚོགས་འདུའི་གཞི་རྩའི་གནས་ཚུལ་མཚམས་སྦྱོར་རགས་ཙམ་བྱས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་གོ་གནས་གལ་ཆེ་ལ་དམིགས་བསལ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་གནད་ཁེལ་བརྟག་དཔྱད་མཛད་དེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་གཏན་ཁེལ་གསལ་བོ་མཛད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསལ་སྟོན་གནང་ཡོད། ཐེངས་འདིའི་སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་ལེགས་པོར་ངོམ་པའི་སྒེའུ་ཁུང་དང་སྟེགས་བུ་ཞིག་ཡིན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་བརྒྱུད་དེ། ཕྱོགས་སོ་སོའི་བར་གྱི་འབྲེལ་འདྲིས་ལ་སྔར་ལས་ཤུགས་བསྣན་ནས། རིམ་པ་སྔར་ལས་ཟབ་པའི་མཉམ་ལས་སྔར་ལས་མང་བོར་ཡར་སྐུལ་བྱེད་དགོས།
ཚོང་དོན་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་ཧྲིན་ཆིའུ་ཕིང་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སོ་ཧེ་ཨར་ཧན་གཉིས་ཀྱིས་ཚོགས་འདུར་ཞུགས་པའི་སྐུ་མགྲོན་གྱི་ཚབ་བྱས་ཏེ་གཏམ་བཤད། ཁོ་ཚོས་བཤད་རྒྱུར། སྐྱེ་ཁམས་འགྲེམ་སྟོན་ཚོགས་འདུ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ། ཕྱོགས་སོ་སོས་སྟེགས་བུ་འདི་བརྒྱུད་དེ། འབྲེལ་འདྲིས་སྔར་ལས་དམ་པོ་དང་། བརྗེ་རེས་སྔར་ལས་ཡངས་པོ། མཉམ་ལས་སྔར་ལས་ནན་མོ་བཅས་བྱེད་དགོས་ཟེར།
ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལིག་ཐའོ།ཝང་ཧེ་ཧུང་ཐུག་འཕྲད་ལ་ཞུགས།