ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་མཛད།
ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཕཱ་ལེ་སི་ཐན་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕཱ་ལེ་སི་ཐན་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་དང་སྤུན་ཟླ་བཟང་བོ་ཡིན། ཀྲུང་གོ་ནི་ཆེས་སྔ་མོར་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་དང་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་བླངས་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་ཐད་ཀྱི་དྲང་བདེན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པ་དང་། ཕཱ་ལེ་སི་ཐན་གྱི་གནད་དོན་སྔ་མོ་ནས་དྲང་བདེན་ངང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། མུ་མཐུད་དུ་ཚོགས་ར་མང་བོ་ནས་ཕཱ་ལེ་སི་ཐན་གྱི་ཕྱོགས་ནས་བདེན་ལུགས་བརྗོད་པ་དང་དྲང་བདེན་ལ་མགོ་འཛིན་བྱས་ཏེ། མུ་མཐུད་དུ་ཕཱ་ལེ་སི་ཐན་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱས་ནས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་དཀའ་ཁག་ཞི་འཇགས་སུ་གཏོང་བ་དང་བསྐྱར་འཛུགས་བྱ་བ་སྤེལ་བར་རོགས་རམ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་ཕྱོགས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པ་གོ་སྐབས་སུ་བྱས་ཤིང་། མུ་མཐུད་དུ་ཕན་ཚུན་གྱིས་སེམས་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་གང་ལེགས་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཕཱ་ལེ་སི་ཐན་གྱི་རང་དབང་ཉོ་ཚོང་གྲོས་ཆོད་གྲོས་མོལ་མྱུར་དུ་སྤེལ་བ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ནས། སྲོལ་རྒྱུན་གྱི་མཛའ་བཤེས་རྒྱུན་འཛིན་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་གནད་དོན་དུས་རབས་ཕྱེད་ཀ་ལྷག་ལ་ཐག་གཅོད་བྱེད་མ་ཐུབ་པ་དང་། ཕཱ་ལེ་སི་ཐན་གྱི་མི་དམངས་ལ་དཀའ་སྡུག་ཆེན་པོ་བཟོས་ཡོད་པས། ངེས་པར་དུ་མྱུར་མོར་ཕཱ་ལེ་སི་ཐན་ལ་དྲང་བདེན་སྟེར་དགོས། ཞི་ཅིན་ཕིང་གིས་གྲོས་གཞི་གསུམ་བཏོན་ཡོད་དེ། གཅིག་ནས་ཕཱ་ལེ་སི་ཐན་གནད་དོན་གྱི་གཞི་རྩའི་ཐབས་ལམ་ནི་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་ས་ཡིན་ལ། བདག་དབང་ཡོངས་སུ་ཚང་བའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུ་དེ་ཡིན། གཉིས་ནས་ཕཱ་ལེ་སི་ཐན་གྱི་དཔལ་འབྱོར་དམངས་ཚིས་དགོས་མཁོར་འགན་སྲུང་ཐོབ་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་འཕེལ་རྒྱས་རོགས་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས། གསུམ་ནས་ཞི་བའི་གྲོས་མོལ་གྱི་ཡང་དག་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཆོས་ལུགས་གནས་མཆོག་ཡེ་ལུའུ་སཱ་ལེམ་དུ་ལོ་རྒྱུས་ལས་བྱུང་བའི་ད་ལྟའི་གནས་ཚུལ་ལ་བརྩི་འཇོག་བྱེད་པ་དང་། ཚད་བརྒལ་དང་དཀྲུགས་འཕེན་གྱི་གཏམ་སྤྱོད་བསྐྱུར་ནས། གཞི་རྒྱ་སྔར་ལས་ཆེ་བ་དང་དབང་གྲགས་སྔར་ལས་ལྡན་པ། ཤུགས་རྐྱེན་སྔར་ལས་ཆེ་བའི་རྒྱལ་སྤྱིའི་ཞི་བདེའི་གྲོས་ཚོགས་བསྡུ་བར་སྐུལ་འདེད་གཏོང་བ་དང་། ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་ཆ་རྐྱེན་བསྐྲུན་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་ཡོང་བར་རོགས་རམ་བྱེད་པའི་ཐད་ཟོལ་མེད་ཀྱིས་འབད་འབུངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་ནང་ཁུལ་གྱི་འགྲིག་མཐུན་མངོན་འགྱུར་བྱེད་པ་དང་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་འདོད་ཡོད།
ཞི་ཅིན་ཕིང་གིས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་དབུས་ཤར་ས་ཁུལ་གྱི་གནས་བབ་ཀྱི་འགྱུར་ལྡོག་གསར་པའི་མདུན་ནས། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་སོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་ལ་ཤུགས་སྣོན་བྱས་ཤིང་། ཀྲུང་གོ་དང་ཨ་རབ་ཐུན་མོང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།
ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་མཛད།
ཨ་པཱ་སི་ཡིས་བསྟན་དོན། བདག་གིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཕཱ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ཐད་ཤུགས་ཆེན་པོས་རྒྱབ་སྐྱོར་དང་སྒེར་སེམས་མེད་པར་རོགས་རམ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན། ཀྲུང་གོ་ནི་ཕཱ་ལེ་སི་ཐན་གྱི་བློས་ཐུབ་གྲོགས་པོ་ཡིན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཡོད། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་ཕཱ་ལེ་སི་ཐན་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་བཅས་ལ་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལིང་གི་གྲོས་མོལ་ལ་བདེ་བླག་ངང་བར་འདུམ་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་སྔ་མོ་ནས་ཕཱ་ལེ་སི་ཐན་གྱི་གནད་དོན་དྲང་བདེན་གྱིས་ཐག་གཅོད་བྱེད་པར་གྲོས་གཞི་མང་དུ་བཏོན་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བློ་གྲོས་དང་དྲང་བདེན་ལངས་ཕྱོགས་ལ་ཡིད་ཆེས་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་ནང་ཁུལ་གྱི་འགྲིག་མཐུན་ལ་སྐུལ་འདེད་གཏོང་བ་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ་ཀྲུང་གོ་དང་ཕཱ་ལེ་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་ལྔ་འགོར་བར་རྗེས་དྲན་བྱེད་པའི་ཉིན་དང་པོའི་མིང་འགོད་མཛད་སྒོར་ཞུགས་པ་དང་། དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་བྱས།
ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པའི་མཉམ་འབྲེལ་གསལ་སྒྲོག་སྤེལ།
གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་ཨ་པཱ་སི་ལ་དགའ་བསུའི་མཛད་སྒོ་སྤེལ།
ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་ཨ་པཱ་སི་ལ་དགའ་བསུའི་མཛད་སྒོ་སྤེལ།
ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་ཨ་པཱ་སི་ལ་དགའ་བསུའི་མཛད་སྒོ་སྤེལ།
ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་ཨ་པཱ་སི་ལ་དགའ་བསུའི་མཛད་སྒོ་སྤེལ།
ཨ་པཱ་སི་འབྱོར་སྐབས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་གུས་ལུགས་མེ་སྒྱོགས་ཐེངས་ཉེར་གཅིག་བཏང་བ་དང་། གུས་ཞབས་དམག་མིས་གྲལ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་དམག་གཟིགས་སྟེགས་བུའི་སྟེང་བུད་པ་དང་། དམག་དཔུང་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཕཱ་ལེ་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།
ཨ་པཱ་སི་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས།
ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་ནས་ཨ་པཱ་སི་ལ་དགའ་བསུའི་གསོལ་སྟོན་བཤམས།
ཝང་དབྱི་དང་ཆིན་ཀང་སོགས་གོང་གི་བྱ་འགུལ་ལ་ཞུགས།