ཁྲིན་ཀང་གིས་ཞིང་ཆེན་སྡོམ་རྩིས་ཅུའུ་དང་རྒྱལ་ཁབ་སྡོམ་རྩིས་མཚོ་སྔོན་ཞིབ་བཤེར་སྤྱིའི་རུ་ཁག་ཏུ་རྟོག་ཞིབ་བྱས།
2023.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།    ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་སྡོམ་རྩིས་ཅུའུ་དང་རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་ཞིབ་བཤེར་སྤྱིའི་རུ་ཁག་ཏུ་སོང་ནས་རྟོག་ཞིབ་བྱས་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྡོམ་རྩིས་བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ངོས་འཛིན་ཟབ་མོ་བྱེད་པ་དང་།    ཆབ་སྲིད་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ།   བྱ་བ་གཙོ་བོ་གཅིག་བསྡུས་བྱེད་པ།    བརྗོད་དོན་སློབ་གསོར་སྐུལ་འདེད་ནན་མོ་གཏོང་བ།   སྡོམ་རྩིས་བྱ་བའི་བྱེད་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་སྡོམ་རྩིས་བྱ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྡོམ་རྩིས་ཅུའུ་རུ་ཁྲིན་ཀང་གིས་སྡོམ་རྩིས་ཁྲིམས་འཛིན་ལྟ་སྐུལ་ཅུའུ་དང་ཕྱོགས་བསྡུས་སྡོམ་རྩིས་ཅུའུ་ཡི་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པ་དང་།    སྡོམ་རྩིས་གཞི་གྲངས་འཚོལ་སྡུད་དང་ཞིབ་རྩིས།  དབྱེ་ཞིབ་གོ་རིམ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་།   ཞིང་ཆེན་ཡོངས་ཀྱི་སྡོམ་རྩིས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད།   བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།   རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་ཞིབ་བཤེར་སྤྱིའི་རུ་ཁག་ཏུ་ཁྲིན་ཀང་གིས་འཛད་སྤྱོད་རིན་གོང་ཞིབ་བཤེར་ཁྲུའུ་སོགས་ཀྱི་བྱ་བའི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་པ་དང་།   གཞི་གྲངས་སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་ཤིང་།    མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་དམངས་ཚིས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པ་དང་མང་ཚོགས་ཀྱི་འཚོ་བ་བཟང་བོའི་འགན་སྲུང་པ་རྣལ་མ་བྱེད་དགོས་ཞེས་བསྟན།

ཁྲིན་ཀང་གིས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།   མིག་སྔར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་།   དཔལ་འབྱོར་འཁོར་སྐྱོད་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པས།  སྡོམ་རྩིས་སྡེ་ཁག་གིས་ལངས་གནས་མཐོར་འདེགས་གཏོང་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པར་མ་ཟད།    སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས་གཞི་གྲངས་གལ་ཆེན་ལ་རྒྱུས་ལོན་གསལ་བོ་བྱེད་པ།   དུས་ཐོག་ཏུ་འཚོལ་སྡུད་ཕྱོགས་སྡོམ་བྱེད་པ་དང་ཚན་རིག་ལྟར་འགྲེལ་ཀློག་དབྱེ་ཞིབ་བྱེད་པ་བཅས་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་གི་ཚན་རིག་ཇུས་ཆོད་ལ་ཟབ་ཚད་ཡོད་པ་དང་བེད་སྤྱོད་བྱེད་ཆོག་པའི་གྲོས་གཞི་འདོན་སྤྲོད་བྱས་ནས།   གཞི་གྲངས་གནས་ཚུལ་གསལ་བོ་ཡིན་པར་འགན་སྲུང་བྱེད་པ་དང་དོན་ཆུང་ལ་བརྟེན་ནས་གནད་དོན་ཆེན་པོ་ཐག་གཅོད་དགོས།   སྡོམ་རྩིས་གཞི་གྲངས་ཀྱི་སྤུས་ཚད་ནི་སྡོམ་རྩིས་ཀྱི་བྱ་བ་གཙོ་བོ་ཡིན་པས།    འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཤེས་པ།  ཐབས་མང་མཉམ་སྤྱོད་བྱེད་པ་སོགས་བྱས་ནས་སྡོམ་རྩིས་ཐད་ཀྱི་རྫུན་བཟོའི་བྱ་སྤྱོད་ལ་ཆེད་དོན་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་སོགས་བྱེད་དགོས།  བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་རྒྱུ་དེ་དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་།   མགོ་ཁྲིད་ཚན་ཁག་དམ་འཛིན་དང་དཔུང་སྡེར་སྣེ་ཁྲིད་བཟང་བོ་བྱས་ཏེ་བློ་དཀར་སྤྱོད་གཙང་དང་ཁག་ཁུར་ཕོད་ཅིང་བྱང་ཚད་མཐོ་བའི་སྡོམ་རྩིས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།     ཚད་གཞི་མཐོ་བ་དང་སྤུད་ཚད་མཐོ་བའི་སྒོ་ནས་རྒྱལ་ཡོངས་དཔལ་འབྱོར་ཞིབ་བཤེར་ཐེངས་ལྔ་བ་སྤེལ་བར་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་དེང་རབས་ཆ་འཕྲིན་ལག་རྩལ་དང་སྡོམ་རྩིས་གཞི་གྲངས་ཆེན་པོའི་བཀོལ་སྤྱོད་བྱེད་ཐབས་ལ་ཤུགས་བསྣན་ནས་རང་ཞིང་གི་དཔལ་འབྱོར་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་སྤྱི་ཁོག་ཇུས་ཆོད་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།   རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྡོམ་རྩིས་ལས་དོན་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་འཇོན་མིའི་གསོ་སྐྱོང་ལ་དོ་ཁུར་བྱེད་པ།  སྡོམ་རྩིས་བྱེད་ནུས་མཐོར་འདེགས་གཏོང་བ་བཅས་བྱས་ནས་སྡོམ་རྩིས་ཀྱི་གཞི་རིམ་བྱ་བའི་རྨང་གཞི་དམ་འཛིན་ལེགས་པོ་བྱེད་དགོས།

ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་གཉིས་རྟོག་ཞིབ་ལ་ཞུགས།

                                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།