ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཚོགས་ཐོག་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པར་མ་ཟད། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་བཟང་བོ་བྱས།
ཚོགས་ཐོག་ནས་བསྟན་དོན། ཆེད་དོན་ཨུ་ཡོན་ལྷན་ཁང་ནི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་མགོ་ཁྲིད་འོག་གི་བྱ་བའི་ལས་ཁུངས་ཤིག་ཡིན་པ་དང་། སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་བྱེད་པའི་ཁྲོད་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད་པ་དང་། སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཨུ་ཡོན་དང་མཐུན་སྒྲིལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་ལྟ་བུ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པའི་བརྟེན་ས་གཙོ་བོ་ཡིན་པས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བས་སྲིད་གྲོས་བྱ་བའི་ཁྲོད་ཟིན་པའི་གོ་གནས་གལ་ཆེན་དང་རྨང་གཞི་རང་བཞིན་གྱི་བྱེད་ནུས་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་བྱ་བ་སོ་སོ་དམ་འཛིན་བཟང་བོ་བྱས་ཏེ་གྲུབ་འབྲས་ཐོབ་པར་འབད་པ་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་གསརགཏོད་གཞུང་ལུགས་སློབ་སྦྱོང་ནན་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བྱས་ཏེ་སློབ་སྦྱོང་བཟང་བོ་དང་བཀོལ་སྤྱོད་ཡག་པོ། ངོས་འཛིན་ཡང་དག་བྱེད་པའི་ཐད་མུ་མཐུད་དུ་ཤུགས་སྣོན་དགོས། བརྟག་དཔྱད་ཞིབ་འཇུག་གཙོར་འཛིན་པ་དང་བརྟག་དཔྱད་ཞིབ་འཇུག་བཟང་བོ་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་མཁས་པ་བཅས་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་དོན་ཆེན། མི་དམངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱེད་པ་དང་། འགུལ་སྐྱོད་དངོས་ཀྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་ནུས་ཁྱད་ཆོས་ལ་རྐང་འཛུགས་པ་དང་། སྙིང་སྟོབས་ཆེན་པོས་གྲོས་མོལ་སྲིད་གླེང་བྱ་བ་ཏན་ཏིག་གིས་སྤེལ་བ། གྲོས་མོལ་སྤུས་ཚད་མཐོར་འདེགས་བཏང་སྟེ་སེམས་ཤུགས་གཅིག་བསྡུས་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་བྱེད་ནུས་གལ་ཆེན་འདོན་དགོས། ཏང་འཛུགས་བྱ་བ་དམ་འཛིན་ནན་མོ་བྱེད་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཏང་གི་འཛུགས་སྐྲུན་དམ་འཛིན་བཟང་བོ་བྱེད་པ་བཅས་བྱས་ཏེ་ཁག་ཁུར་གསར་པ་དང་བྱེད་ཐབས་གསར་པ། སྣང་ཚུལ་གསར་པ་བཅས་ཀྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་རྣམ་པ་གསར་པ་བསྐྲུན་དགོས།
གྲོས་ཚོགས་སྟེང་། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་བརྗོད་དོན་སློབ་གསོ་དང་དམ་པོར་སྦྲེལ་བ། གནད་དོན་དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་རྒྱུ་དམ་འཛིན་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་བཅས་བྱས་ཏེ་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་སྒྲུབ་བྱེད་ནུས་གསར་སྐྲུན་བྱེད་དགོས། གྲོས་མོལ་གྱི་གཙོ་ལས་གཅིག་བསྡུས་དང་བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་སྤེལ་བ། སྤུས་ཚད་མཐོ་བའི་སྒོ་ནས་ལོ་གཅིག་གི་གྲོས་མོལ་སྲིད་གླེང་གི་ལས་འགན་ཡོངས་འགྲུབ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་ཞབས་འདེགས་བཟང་བོ་ཞུ་བ་སོགས་བྱེད་དགོས་པའི་བླང་བྱ་བཏོན།
ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཀྲང་ཞའོ་རོང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།