ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་གསུམ་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།
2023.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49


ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་བརྗོད་དོན་དུ་བྱས་པའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་གསུམ་པ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་བརྗོད་དོན་དུ་བྱས་པའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་གསུམ་པ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཝང་ཀོང་ཅན་གྱིས་གཏམ་བཤད་པར་མ་ཟད་འགྲེམ་ཚོགས་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཧྲའན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཀྲའོ་ཀང་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཛད་སྒོར་ཞུགས། ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲིན་ཆིའུ་ཕིང་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཉིང་རྡུལ་བདེ་འཇགས་ཀྱི་སྤྱིའི་བཟོ་བཀོད་པ་ཐེན་ཝེ་ཡུང་། ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཧྲའོ་ཀང་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

ཝང་ཀོང་ཆན་གྱིས་གཏམ་བཤད་སྐབས་སྐྱེ་ཁམས་འགྲེམ་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས། མིའི་རིགས་དཔལ་ཡོན་འཕེལ་རྒྱས་ཀྱི་ཆོས་ཉིད་སྤྱི་སྡོམ་ཟབ་མོ་བྱས་པ་དང་། སྔ་ན་མེད་པའི་སྟོབས་ཤུགས་བཏོན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་སྐུལ་འདེད་བཏང་ལ། རྩ་བའི་རང་བཞིན་དང་གསར་སྐྲུན་རང་བཞིན། ཡུན་རིང་བོར་ཕན་པའི་བྱ་བ་རབ་དང་རིམ་པ་སྤེལ་པས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། ཀུན་གྱིས་བརྩི་མཐོང་བྱེད་པའི་སྐྱེ་ཁམས་ཀྱི་ངོ་མཚར་དང་ལྗང་མདོག་འཕེལ་རྒྱས་ཀྱི་ངོ་མཚར་བསྐྲུན་ལ། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཆེན་པོ་བསྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ནས། མཐོ་ས་གསར་བ་བདུན་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་ཉམས་མྱོང་བསྐྲུན་པ་དང་མཚོ་སྔོན་གྱི་རིག་སྟོབས་མངོན་པར་བྱས་ལ། མཚོ་སྔོན་གྱི་བྱས་རྗེས་བཞག ནམ་ཡང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་མ་དཔེ་འཚོལ་ཞིབ་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་བརྗེ་རེས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་བླངས་ནས། དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད་བྱས་རྗེས་གསར་བ་འཇོག་དགོས། ཚོགས་ཞུགས་ཕྱོགས་སོ་སོས་སྐྱེ་ཁམས་འགྲེམ་ཚོགས་ཀྱི་སྟེགས་བུ་དང་ཐོན་ཁུངས་དགེ་མཚན་བཀོལ་སྤྱོད་དང་འདོན་སྤེལ་བཟང་བོ་བྱེད་པ་དང་། དངོས་གཉེར་སྒོས་རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་དཔེ་ལྟ་བྱེད་པ་དང་སྐྱེ་ཁམས་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་ཉོ་ཚོང་མཉམ་འདྲེས་གེགས་མེད་ཡོང་བར་བྱེད་པ། སྐྱེ་ཁམས་རིན་ཐང་ཚུལ་སྒྱུར་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། སྒོ་འབྱེད་མཉམ་རྒྱལ་གྱི་ལེའུ་གསར་བ་འབྲི་རྒྱུའི་རེ་བ་བཅངས་ཡོད།

ཁྲིན་ཀང་གིས་ཤིས་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་གྲོགས་པོ་ཡོངས་ལ་དགའ་བསུ་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གཙོ་བོ་དང་སྐྱེ་ཁམས་ཐོན་རྫས་ཕྱིར་གཏོང་འདོན་སྤྲོད་ས་ཆ་གཙོ་བོ་ཡིན་པའི་ཆ་ནས། སྐྱེ་ཁམས་གོ་གནས་གལ་ཆེ་ལ་དམིགས་བསལ་ཡིན་པ་དང་། སྐྱེ་ཁམས་ཐོན་ཁུངས་ཀྱི་མི་མངོན་པའི་རིན་ཐང་ཚོད་དཔག་བྱེད་དཀའ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཧ་ཅང་མཐོང་ཆེན་གནང་བ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ངེས་གནས་གཏན་ཁེལ་གསལ་བོ་མཛད་ལ། སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་བཏོན་པར་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་དོན་ཆེན་པོ་ཡིན་པ་ནན་གྱིས་བསྟན་པདང་། མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འཛུགས་སྐྲུན་བྱེད་རྒྱུའི་བླང་བྱ་བཏོན་ལ། མཚོ་སྔོན་གྱིས་མྱུར་དུ་དྲི་བ་དེར་ལན་བཟང་བོ་འདེབས་འདོད་ཡོད། སྐབས་འདིའི་སྐྱེ་ཁམས་འགྲེམ་ཚོགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། སྲིད་གཞུང་དང་ཡོན་ཧྲི། རིག་མཛོད། ཁེ་ལས་བཅས་ཟབ་ཞུགས་བྱས་པའི་རྒྱལ་སྤྱིའི་ཅན་གྱི་བརྗེ་རེས་མཉམ་ལས་སྟེགས་བུ་ཞིག་བསྐྲུན་པར་འབད་འཐབ་བྱེད་ཀྱིན་ཡོད་པས། ཚང་མས་མཚོ་སྔོན་ནས་རིག་སྟོབས་བསྐྱེད་པ་དང་། དཔེ་གཞི་བཟང་བོ་སྔར་ལས་མང་པོ་མཚོ་སྔོན་དུ་ཁྱེར་ཡོང་བ། གྲུབ་འབྲས་སྔར་ལས་མང་པོ་མཚོ་སྔོན་ནས་ལེན་རྒྱུའི་རེ་བ་བཅངས་ཡོད། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རྗེས་འཕེལ་དགེ་མཚན་འདོན་སྤེལ་བྱས་ནས་ལམ་བརྗེ་ཚད་བརྒལ་བྱེད་པའི་དུས་རབས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱེད་པ། མཚོ་སྔོན་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུས་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྟེང་མཚོ་སྔོན་གྱི་ཁག་ཁུར་མངོན་པར་བྱེད་པ་དང་མཚོ་སྔོན་གྱི་གྲུབ་འབྲས་འགྲེམ་སྟོན་བྱེད་རྒྱུ་ཡིན།

ཧྲིན་ཆིའུ་ཕིང་གིས་ཤིས་ཚིག་འབུལ་སྐབས་བསྟན་དོན། སྐྱེ་ཁམས་འགྲེམ་ཚོགས་བསྡུ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་དོན་འཁྱོལ་ཡང་དག་དང་ཆ་ཚང་བྱེད་པའི་བྱ་སྤྱོད་དངོས་ཡིན། སྐབས་འདིའི་སྐྱེ་ཁམས་འགྲེམ་ཚོགས་ནི་འཛད་སྤྱོད་ཡར་འཕར་ལོའི་འགྲེམ་ཚོགས་བཅུ་གཉིས་གྲས་ཀྱི་གཅིག་ཡིན་ལ། འཛད་སྤྱོད་ཡར་འཕར་ལོའི་ལྗང་མདོག་འཛད་སྤྱོད་དུས་ཚིགས་ཀྱི་བྱ་འགུལ་གལ་ཆེན་ཡང་ཡིན་པས། ཚོང་དོན་པུའུ་ཡིས་མུ་མཐུད་དུ་མཚོ་སྔོན་བར་གྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་། དེང་རབས་འཁོར་རྒྱུག་མ་ལག་དང་ལྗང་མདོག་རིགས་གསར་གྱི་འཛད་སྤྱོད་གོང་འཕེལ་གཏོང་བ། ཕྱི་ཚོང་འགྲན་རྩོད་ཀྱི་དགེ་མཚན་གསར་བ་སྐྱེད་སྲིང་བྱེད་པ། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་དང་མཉམ་ལས་རྒྱ་བསྐྱེད་པ། འགྲེམ་ཚོགས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་ཕྱོགས་ནས་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ། མཚོ་སྔོན་གྱིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བར་རོགས་འདེགས་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་སྐྱེད་སྲིང་དང་ཆེར་བསྐྱེད་དེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་སྔར་ལས་བཟང་བོ་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་དགོས། ཚོགས་ཞུགས་ཕྱོགས་སོ་སོས་སྐྱེ་ཁམས་འགྲེམ་ཚོགས་ཀྱི་སྟེགས་བུ་དེ་བཀོལ་སྤྱོད་བཟང་བོ་བྱས་ནས། བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། བློ་འདོན་ཇུས་འབུལ་བྱེད་པ། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད།

ཐེན་ཝེ་ཡུང་གིས་ཤིས་ཚིག་འབུལ་སྐབས་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཚབ་བྱས་ནས་སྐྱེ་ཁམས་འགྲེམ་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ཐད་ནས་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བཀོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་ལ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་བུ་འཚོལ་ཞིབ་བྱས་ནས། གྲུབ་འབྲས་མངོན་གསལ་བླངས། ང་ཚོས་མཚོ་སྔོན་དང་མཉམ་དུ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིད་སྟོན་འོག བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། བཙོག་བཟོ་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་གཅིག་འདོམས་བྱེད་པ། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ནུས་གསར་བ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཏེ། མཛེས་སྡུག་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་འབྲི་འདོད་ཡོད།

ཀྲང་ཧྲའོ་ཀང་གིས་ཤིས་ཚིག་འབུལ་སྐབས་སྐྱེ་ཁམས་འགྲེམ་ཚོགས་ཀྱི་གཙོ་སྒྲུབ་ལས་ཁུངས་ཏེ་ཀྲུང་གོ་ཉོ་ཚོང་སྐུལ་སྤེལ་ཚོགས་པའི་ཚབ་བྱས་ནས། སྐུ་མགྲོན་ཡོངས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་མགོ་བཏོན་པ་དང་། ནམ་ཟླའི་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས་དེ་མཉམ་ལས་ཆེན་པོ་བརྒྱད་ཀྱི་ཁྱབ་ཁོངས་སུ་བཞག དེས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་མཉམ་ལས་ཐད་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་པོ་དང་ཚོང་རའི་གོ་སྐབས་བཟང་བོ་བསྐྲུན། སྐབས་འདིའི་སྐྱེ་ཁམས་འགྲེམ་ཚོགས་ཀྱིས་གསར་གཏོད་ཀྱིས་སྣེ་ཁྲིད་པ་དང་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བཟོ་ཚོང་ལས་རིགས་ཀྱི་ཁྱད་འཕགས་ནུས་པ་འདོན་སྤེལ་བྱེད་པ། ནང་དོན་ཕུན་སུམ་ཚོགས་པའི་འགྲེམ་སྟོན་རྩ་འཛུགས་བྱེད་པ། ལག་རྩལ་གསར་བ་དང་བྱེད་ཐབས་གསར་བ་བཀོལ་སྤྱོད་བྱས་ཏེ། རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ལ་ཕྱོགས་ཡོངས་དང་ཟུར་སྣ་མང་པའི་དཔལ་འབྱོར་ཉོ་ཚོང་གི་བརྗེ་རེས་སྟེགས་བུ་ཞིག་བསྐྲུན། ཚོགས་ཞུགས་ཕྱོགས་སོ་སོས་སྟེགས་བུ་དེར་རྒྱབ་བརྟེན་ནས་ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་གླེང་མོལ་མཉམ་ལས་སོགས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། འཛམ་གླིང་ཧྲིལ་བོ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད།

ཚོགས་ཐོག་ཏུ། འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་རྒྱུད་གཅིག་ལམ་གཅིག་ལྗང་མདོག་འཕེལ་རྒྱས་རྒྱལ་སྤྱིའི་མནའ་མཐུན། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་བཅས་ཀྱི་འཐུས་ཚབ་པས་སོ་སོར་ཤིས་ཚིག་ཕུལ།

རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས། ལས་རིགས་མཐུན་ཚོགས་དང་རྒྱལ་སྤྱིའི་ཁེ་ལས་གྲགས་ཅན་གྱི་ཀྲུང་གོར་སྡོད་པའི་འཐུས་ཚབ་པ། སྐུ་མགྲོན། ཧའེ་ནན་དང་ཅང་ཞི། ཧྲན་ཏུང་། ཀོང་ཞི། ཞིན་ཅང་། ཐེན་ཅིན། ནང་སོག ཧེ་ལུང་ཅང་། ཧི་ནན། ཡུན་ནན། བོད་ལྗོངས། ཉིང་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་མགོ་ཁྲིད། ཡོན་ཧྲི་དང་རིག་གནས་པ། ཀྲུང་དབྱང་ཁེ་ལས་དང་འཛམ་གླིང་ཁེ་ལས་ཆེན་པོ་ལྔ་བརྒྱའི་མཐོ་རིམ་དཔོན་པོ་བཅས་འགྲེམ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིས་མེན་དང་ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སུན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ལོའུ་ཀང་། ལིའུ་ཐོ། ལིའུ་ཁྲའོ། ཝང་ཧའེ་ཧུང་། ཝང་ཞོན་བཅས་མཛད་སྒོར་ཞུགས།

ཉིན་དེར། འབྲེལ་ཡོད་མགོ་ཁྲིད་དང་སྐུ་མགྲོན་གྱིས་སྐྱེ་ཁམས་འགྲེམ་ཚོགས་ཀྱི་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས།


རིན་ཆེན་མཚོས་བསྒྱུར།