ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་མཛད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཁག་སོ་སོས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ལས་དོན་པའི་རྩ་ཁྲིམས་དམ་བཅའ་རྩ་འཛུགས་བྱེད་ཐབས་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་འཇོག་བྱས་པའི་སྡེ་ཁག་དང་ལས་ཁུངས་ང་ལྔའི་འགན་ཁུར་བ་གྱ་གཅིག་གིས་ཁྲིམས་ལྟར་རྩ་ཁྲིམས་དམ་བཅའ་བཞག
ཕྱི་དྲོའི་ཆུ་ཚོད་བཞིའི་སྟེང་། རྒྱལ་སྲིད་ཨུ་ཡོན་གྱི་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་བའི་ཝུའུ་ཀྲིན་ལུང་གིས་རྩ་ཁྲིམས་དམ་བཅའ་མཛད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་སུ་དམ་བཅའ་སྣེ་ཁྲིད་པས་ལག་པ་རྩ་ཁྲིམས་ཀྱི་སྟེང་དུ་བཞག་སྟེ་དམ་བཅའི་ཚིག་བཏོན་པ་དང་། དམ་བཅའ་འཇོག་མཁན་གཞན་དག་གྲལ་བསྒྲིགས་ནས་དམ་བཅའི་ཚིག་བཏོན།
དམ་བཅའ་བཞག་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གསུང་བཤད་གནང་། ཁོས་གཟབ་བརླིང་གི་མཛད་སྒོ་འདིས་ང་ཚོའི་སེམས་པ་གཏིང་ནས་སྒུལ་སོང་ལ། བསམ་བློའི་བྱབས་ཁྲུས་དང་རྟོགས་པ་ཐོབ་སོང་། ཚང་མས་དམ་བཅའ་བརྟན་པོ་སེམས་སུ་ཉར་ནས་རྒྱུད་དུ་ལེན་རྒྱུ་དང་། འབད་འཐབ་ལ་བརྟེན་ནས་དམ་ཚིག་བརྟན་སྲུང་དང་དམ་བཅའ་ལག་བསྟར་བྱེད་རྒྱུ་ནི་རེ་བ་ཡིན་ཞེས་གསུངས། ཁོང་གིས་ནན་གྱིས་གསུངས་རྒྱུར། དུས་རྟག་ཏུ་ལྷག་བསམ་དག་པར་བྱེད་པའི་ཆེས་གཞི་རྩ་ནི་ཏང་ལ་བློ་དཀར་བའི་བསམ་པ་བཅངས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་རང་རྟོགས་ཀྱིས་སྒྲུབ་སྟེ། རྩ་ཁྲིམས་ལ་བློ་དཀར་བ་དང་མེས་རྒྱལ་ལ་བློ་དཀར་བ། མི་དམངས་བློ་དཀར་བ་བཅས་བྱེད་རྒྱུ་དེ་ཡིན། ཡར་བརྩོན་གྱི་སེམས་ཤུགས་ཆེ་རུ་བསྐྱེད་དེ། ལས་སྒྲུབ་ལས་སྐྲུན་གྱི་ཟུངས་ཤུགས་རྒྱུན་མ་ཆད་པར་ཆེ་རུ་བསྐྱེད་པ་དང་། སེམས་ཤུགས་ཡོད་ཚད་བཏོན་ནས་ཏང་དང་མི་དམངས་ལ་དོན་དག་སྒྲུབ་པ། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱས་རྗེས་གསར་པར་བརྟེན་ནས་ལས་དོན་སྣ་ཚོགས་གོང་དུ་སྤེལ་བའི་ཐད་བརྒལ་གཏོར་གསར་པ་བྱེད་དགོས། རྒྱུན་དུ་གུས་སྐྲག་གི་བསམ་བློ་བཅངས་ནས། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་འབྲས་ལྟ་བ། ལས་དོན་ལྟ་བ་བཅས་བརྟན་པོར་བཅངསནས། ཁྲིམས་སྐྱོང་གི་བློ་སྤོབས་བརྟན་སྲུང་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་ལྟར་གཟབ་ནན་སྒོས་སྲིད་འཛིན་པ། བསམ་བློའི་འགོག་ར་བརྟན་པོར་བསྐྲུན་པ། ཁྲིམས་སྲོལ་གྱི་དམར་མཚམས་བརྟན་པོར་སྲུང་བ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་རང་གཤིས་དུས་ནམ་ཡང་སྲུང་འཛིན་བྱེད་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་མཛད་སྒོར་ཞུགས།