ལིས་ཆང་པོ་ལིན་དུ་ཐོན་ནས་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་སྐོར་ཐེངས་བདུན་པའི་གྲོས་མོལ་བསྡུས་པར་མ་ཟད་འཇར་མན་ལ་དངོས་གཞི་འཚམས་འདྲི་མཛད།
2023.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43


ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འཇར་མན་གྱི་ཙུང་ལི་ཧྲའོ་ཨེར་ཚི་དང་ཧྥ་རན་སིའི་སྲིད་གཞུང་གི་གདན་འདྲེན་དང་ལེན་བྱས་ཏེ། ཆེད་གཏོང་གནམ་གྲུར་བཞུགས་ནས་འཇར་མན་དུ་བསྡུས་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་སྐོར་ཐེངས་བདུན་པའི་གྲོས་མོལ་ལ་ཞུགས་པར་སོང་བར་མ་ཟད་འཇར་མན་དང་ཧྥ་རན་སི་ལ་དངོས་གཞི་འཚམས་འདྲི་མཛད་རྒྱུ་རེད། 

ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་འཇར་མན་གྱི་ཙུང་ལི་ཧྲའོ་ཨེར་ཚི་དང་ཧྥ་རན་སིའི་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཆེད་བཏང་གནམ་གྲུར་བཞུགས་ནས་འཇར་མན་དུ་བསྡུས་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་སྐོར་ཐེངས་བདུན་པའི་གྲོས་མོལ་ལ་ཞུགས་པར་ཕེབས་པར་མ་ཟད་འཇར་མན་ལ་དངོས་གཞི་འཚམས་འདྲི་མཛད་པ་དང་། ཧྥ་རན་སི་ལ་དངོས་གཞི་འཚམས་འདྲི་མཛད་པར་མ་ཟད་འཛམ་གླིང་ཧྲིལ་བོའི་དངུལ་བསྡུས་ཆིངས་ཡིག་རྩེ་ཚོགས་ལ་ཞུགས་རྒྱུ་རེད། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཀྲིན་ལུང་སོགས་འགྲོ་རོགས་མི་སྣ་གནམ་གྲུ་གཅིག་ལ་བསྡད་དེ་འཇར་མན་དུ་འཚམས་འདྲིར་སོང་།

ས་དེའི་དུས་ཚོད་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར། ལིས་ཆང་བཞུགས་པའི་ཆེད་བཏང་གནམ་གྲུ་པོ་ལིན་པོ་ལན་ཏིན་གནམ་གྲུ་ཐང་དུ་འབྱོར་བ་དང་། འཇར་མན་སྲིད་གཞུང་གི་འཐུས་ཚབ་མི་སྣ་དང་ཀྲུང་གོའི་འཇར་མན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཝུའུ་ཁིན་སོགས་གནམ་གྲུ་ཐང་དུ་སོང་ནས་བསུ་མ་བྱས།

ལིས་ཆང་གིས་བསྟན་དོན། འཇར་མན་ནི་ངས་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་འགན་བཞེས་རྗེས་ཐེངས་དང་པོར་འཚམས་འདྲི་བྱས་པའི་ས་ཚིགས་དང་པོ་ཡིན་པ་དང་། དེ་ནི་མཛའ་བརྩེ་རྒྱུན་སྐྱོང་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་འགྲུལ་བཞུད་ཐེངས་གཅིག་ཡིན། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧྲི་ཐའེ་དབྱིན་མེ་ཨར་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བར་མ་ཟད་ཁ་པར་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འཐབ་ཇུས་ཀྱི་སྣེ་ཁྲིད་མཛད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ནམ་ཡང་བརྟན་བརླིང་ངང་གོང་འཕེལ་དུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་སོང་བ་དང་རྒྱ་བསྐྱེད་ལ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། མི་གཞུང་། ལྗང་མདོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་གསར་པ་བླངས་ཟེར།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་སྐོར་ཐེངས་བདུན་པའི་གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱི་སྐབས་གསར་པའི་སྲིད་གཞུང་བཙུགས་རྗེས་ཀྱི་ཐེངས་དང་པོའི་ཕྱོགས་ཡོངས་ཀྱི་སྦྲེལ་མཐུད་ཡིན་པས། ཀྲུང་གོས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་མཐུན་པ་ཡོངས་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། གཉིས་ཕན་མཉམ་རྒྱལ་བྱེད་པའི་རྩ་དོན་གཞིར་བཟུང་ནས་བརྗེ་རེས་ཟབ་མོ་བྱེད་པ་དང་། མཉམ་ལས་ཀྱི་སྦས་ཤུགས་སྔོན་འདོན་བྱེད་པ། མི་མཐུན་པ་དང་ཁྱད་པར་ཐག་གཅོད་འོས་འཚམ་བྱེད་པ། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱལ་སྤྱིའི་ཐོན་ལས་མཁོ་སྤྲོད་ཕྲེང་འབྲེལ་གྱི་བརྟན་འཇགས་དང་འཛམ་གླིང་ཞི་བདེ་དར་རྒྱས་ལ་སྲུང་སྐྱོབ་བྱེད་ཆེད་ཤུགས་ཡོད་བརྡ་རྟགས་གཏོང་འདོད་ཡོད་ཟེར།

ལིས་ཆང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་དེ་ཟིང་ཆ་དང་འགྱུར་ལྡོག་གི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། འགྱུར་ལྡོག་དང་ཟིང་ཆ་བསྣོལ་མའི་དུས་སྐབས་སུ་ཐོན་ན། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཛའ་བརྩེའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་བརྗེ་རེས་མཉམ་ལས་ལ་དེ་ལས་ཤུགས་བསྣན་ནས། རིག་སྟོབས་གཅིག་བསྡུས་དང་འགྲན་རྩོད་ཁྱད་སེལ། གོ་སྐབས་དམ་འཛིན་བཅས་བྱེད་དགོས། ཀྲུང་གོས་འཇར་མན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་བ་ལྟར། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་ཐད་ནས་འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། མཉམ་དུ་མིའི་རིགས་ཀྱི་མཛེས་སྡུག་གི་མ་འོངས་པ་བསྐྲུན་འདོད་ཡོད་ཟེར།

འཇར་མན་ལ་འཚམས་འདྲི་མཛད་སྐབས། ལིས་ཆང་གིས་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨར་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཙུང་ལི་ཧའོ་ཨེར་ཙི་དང་མཉམ་དུ་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་སྐོར་ཐེངས་བདུན་པའི་གྲོས་མོལ་ལ་མགོ་འཛིན་བྱེད་པར་མ་ཟད་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་དང་འཇར་མན་ཁེ་ལས་པའི་སྒོར་ཅོག་ཚོགས་འདུར་ཞུགས་པ་དང་། འཇར་མན་བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་པར་བཞུགས་མོལ་བྱེད་པ། པཱ་ཧྥ་ལིས་ཡ་མངའ་སྡེ་ལ་འཚམས་འདྲི་མཛད་པར་མ་ཟད་འཇར་མན་གྱི་འབྲེལ་ཡོད་ཁེ་ལས་ལྟ་སྐོར་བྱེད་པ་བཅས་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།