ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། ཞི་ཅིན་ཕིང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཏེན་ཞུའེ་ཞང་། ལིས་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས། ཚའེ་ཆི་ཡིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཤིས་ཚིག་ཕུལ།
ཟླ6པའི་ཚེས19ཉིན། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ལ་གུས་བརྡ་སྟོན་བཞིན་པ།
མི་དམངས་ཚོགས་ཆེན་ཁང་ཆེན་མོའི་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་དགའ་སྤྲོའི་དཔལ་གྱིས་ཁེངས། ཀྲུའུ་ཞིའི་སྟེགས་བུའི་ཀླད་དུ“ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ”ཞེས་པའི་ཚོགས་རྟགས་བཀལ་ཡོད་ལ། རྒྱབ་རས་ཀྱི་དཀྱིལ་དུ་གུང་གཞོན་ཚོགས་རྟགས་བཀྲག་མདངས་ལྷམ་མེར་ཡོད་ལ། དེའི་ལོགས་གཉིས་སུ་འོད་མདངས་འཚེར་བའི་དར་དམར་བཅུ་བསྒྲིགས་ཡོད། ཉིས་ཐོག་གི་གཟིགས་སྟེགས་སྟེང་དུ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱ་ཆེའི་ན་གཞོན་རྣམས་ལ་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད”ཅེས་པའི་བསྒྲགས་ཡིག་བཀལ་ཡོད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་གུང་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་སྟོང་གཅིག་དང་ལྔ་བརྒྱས་གུང་གཞོན་ཚོགས་པའི་ན་གཞོན་ཚོགས་མི་བྱེ་བ་བདུན་དང་ས་ཡ་གསུམ་གྱི་མངགས་བཅོལ་ཕྲག་ཏུ་བླངས་ཏེ་ཚོགས་ཆེན་ལ་ཞུགས།
ཟླ6པའི་ཚེས19ཉིན། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་རར་འབྱོར།
སྔ་དྲོའི་ཆུ་ཚོད་བཅུའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་འབྱོར་བ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
ཟླ6པའི་ཚེས19ཉིན། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་མགོ་བརྩམས། ཞི་ཅིན་ཕིང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཏེན་ཞུའེ་ཞང་། ལིས་ཞི་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཨ་ཏུང་གིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཚང་མ་ཡར་ལངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་དང་གུང་གཞོན་ཚོགས་པའི་གླུ་དབྱངས་བླངས།
ཟླ6པའི་ཚེས19ཉིན། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་མགོ་བརྩམས། ལོ་ཆུང་གདོང་ལེན་རུ་མིས་ཚོགས་ཆེན་སྟེང་ཤིས་ཚིག་འབུལ་བཞིན་པ།
དེའི་རྗེས་སུ་ལོ་ཆུང་གདོང་ལེན་རུ་མི་བརྒྱད་ཀྱིས་ཚོགས་ཆེན་སྟེང་ཤིས་ཚིག་ཕུལ། ཁོ་ཚོས་ཆུང་ངུའི་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། ཏང་གི་ཆེད་དུ་འཚར་ལོངས་འབྱུང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་བྱས་རྗེས་འབུལ་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས།
ཚའེ་ཆི་ཡིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཁ་ཡིག་ལ《སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་དུ་འོད་དུ་འཚེར་བའི་ལང་ཚོའི་ལེའུ་འབྲི་དགོས》ཞེས་པའི་ཤིས་ཚིག་ཕུལ། ཚའེ་ཆི་ཡིས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་དང་། གུང་གཞོན་ཚོགས་མི་ཡོངས། རྒྱ་ཆེའི་གུང་གཞོན་ཚོགས་པའི་ལས་བྱེད་པ་དང་ན་གཞོན་ལོ་ཆུང་གི་བྱ་བ་སྒྲུབ་མཁན་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།
ཚའེ་ཆི་ཡིས་ཤིས་ཚིག་འབུལ་སྐབས་གསུངས་རྒྱུར། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། གུང་གཞོན་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། གུང་གཞོན་ཚོགས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་གུང་གཞོན་ཚོགས་པར་དོ་དམ་དང་བཅོས་སྐྱོང་བྱས་པས། གུང་གཞོན་ཚོགས་པའི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་བ་དང་། སྣེ་ཁྲིད་ནུས་ཤུགས་དང་རྩ་འཛུགས་ནུས་ཤུགས། ཞབས་ཞུའི་ནུས་ཤུགས་བཅས་རྒྱུན་མ་ཆད་པར་མཐོར་འདེགས་བྱུང་ཡོད། རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་གྱིས་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་ནས། ལང་ཚོའི་བརྩོན་སེམས་ལ་བརྟེན་ནས“བརྩེ་བ་རྣལ་མ་ཀྲུང་གོའི་ཆེད་དུ་འབུལ”ཞེས་པའི་དུས་རབས་ཀྱི་འབོད་སྐད་གསལ་བོར་བསྒྲགས་པ་དང་། ལང་ཚོའི་སྦྱོར་བར་བརྟེན་ནས“ཏང་སེམས་བདེ་བར་གྱིས་ཤིག སྟོབས་ལྡན་རྒྱལ་ཁབ་ལ་ངོ་ཚོ་ཡོད”ཅེས་པའི་དམ་ཚིག་བརྟན་པོ་ལག་ལེན་དུ་བསྟར་ཡོད།
ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོའི་ན་གཞོན་དང་ཀྲུང་གོའི་ན་གཞོན་ལས་འགུལ་གྱིས་གནའ་ནས་བཟུང་དུས་རབས་ཀྱི་འགན་འཁྲི་ཁུར་དུ་ལེན་པའི་ཁྲོད་དུ་ལང་ཚོའི་འགན་འཁྲི་མངོན་པར་བྱས་པ་དང་། དུས་རབས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་རང་སྟེང་གི་ཡར་ཐོན་མངོན་འགྱུར་བྱས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། ཏང་གི་ལས་འགན་གཙོ་བོ་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ལས་འགུལ་དང་ན་གཞོན་བྱ་བའི་མངོན་པར་གསལ་བའི་བརྗོད་གཞི་ཡང་ཡིན་པས། རྒྱ་ཆེའི་ན་གཞོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་ནན་མོ་སེམས་ལ་དམ་པོར་བཅངས་ནས། ཕུགས་བསམ་ཡོད་པ་དང་། ཁག་ཁུར་བྱེད་ཕོད་པ། དཀའ་བ་སྤྱད་ཐུབ་པ། འབད་འཐབ་བྱེད་ནུས་པ་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་བོ་བྱེད་པའི་ཕུགས་བསམ་བཅངས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་བྱེད་པའི་བགྱི་བ་ཁུར་དུ་བླངས་ནས། མུ་མཐུད་དུ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་ཤིང་། ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་ལང་ཚོའི་བྱ་གཞག་གསར་པ་བསྐྲུན་དགོས། གུང་གཞོན་ཚོགས་པས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར་བྱ་བར་ཇུས་འགོད་དང་སྐུལ་འདེད་བྱེད་པ་དང་། རྒྱ་ཆེའི་ན་གཞོན་རྣམས་ལ་སྔར་ལས་བཟང་བོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ། གུང་གཞོན་ཚོགས་པར་དོ་དམ་དང་བཅོས་སྐྱོང་ནན་མོ་བྱེད་པ། ཕྱོགས་ཡོངས་དང་ཚད་གཞི་མཐོ་བའི་སྦྱོང་བརྡར་ཁྲོད་ནས་གུང་གཞོན་ཚོགས་པའི་ཡར་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་བསྐྱེད་དེ། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ལས་འགུལ་དང་ན་གཞོན་བྱ་བའི་འོད་དུ་འཚེར་བའི་ལེའུ་ཧུར་ཐག་གིས་འབྲི་དགོས།
ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་བོ་ཞུའུ་ལིའུ་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཛའ་འབྲེལ་ལྷན་ཚོགས། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་ལ་ཤིས་ཚིག་ཕུལ། ཤིས་ཚིག་ནང་དུ་མང་ཚོགས་དང་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ཕུལ་བྱུང་གོམས་སྲོལ་མུ་མཐུད་དུ་དར་སྤེལ་བྱེད་པ་དང་། སོ་སོའི་ཁྱད་ཆོས་ལེགས་པར་བཏོན་ནས། རང་གིས་འབྲེལ་འདྲིས་བྱེད་པའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡིད་ཆེས་སྔར་ལས་ཆེན་པོ་དང་བརྩོན་སེམས་སྔར་ལས་ཆེན་པོས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་བྱེད་པའི་ལམ་ཆེན་སྟེང་ཏང་གི་རྗེས་སུ་དམ་པོར་འབྲངས་ནས། དུས་རབས་གསར་པའི་ཏང་གི་མང་ཚོགས་དང་གུང་གཞོན་ཚོགས་པའི་བྱ་བའི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས་ཞེས་བསྟན་ཡོད།
ཨ་ཏུང་གིས་གུང་གཞོན་ཚོགས་པ་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག་ཏུ། རྒྱ་ཆེའི་ན་གཞོན་ལ་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་པའི་སྙན་ཞུ་ཕུལ། སྙན་ཞུ་དེ་ཁག་བཅུ་རུ་བགོས་ཡོད་དེ། གསར་བརྗེ་རང་བཞིན་གྱི་སྦྱོང་བརྡར་ཁྲོད་དུ་འབད་པས་མདུན་དུ་བསྐྱོད་པའི་ཀྲུང་གོ་གུང་གཞོན་ཚོགས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱི་འགན་འཁྲི་ཁག་ཁུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་གུང་གཞོན་ཚོགས་པའི་བྱ་བར་གཅིག་གྱུར་མགོ་ཁྲིད་བྱེད་པ། ན་གཞོན་བསམ་བློའི་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་ཆེན་པོ་སྣོན་པ། ན་གཞོན་རྩ་འཛུགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྟོབས་ཤུགས་གཙོ་བོ་བྱེད་རྒྱུར་བརྩོན་པ། ན་གཞོན་གྱི་འཚར་ལོངས་དང་གོང་འཕེལ་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བ། ན་གཞོན་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། གུང་གཞོན་ཚོགས་པའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་གུང་གཞོན་ཚོགས་པ་བཅོས་སྐྱོང་ནན་མོ་བྱེད་པ་བཅས་རེད།
ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་ཚོགས་པ་སོ་སོ། པེ་ཅིང་གྲོང་ཁྱེར་བཅས་ཀྱི་འགན་ཁུར་བློ་མཐུན་དང་། པེ་ཅིང་དུ་ཡོད་པའི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་པའི་གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་རུ་བྱ་བ་བསྒྲུབས་མྱོང་བའི་བློ་མཐུན་རྒན་པ། རྒྱལ་སའི་རིགས་སོ་སོ་དང་ལས་རིགས་སོ་སོའི་གུང་གཞོན་ཚོགས་མིའི་ན་གཞོན་འཐུས་མི་སོགས་ཚོགས་འདུ་འཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།