མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཏང་གི་སྒྲིག་ཡིག་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་རྩ་གནད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སློབ་སྦྱོང་རྩ་གནད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དངབརྟག་ཐབས་སྨྲ་བའི་ཆེད་དོན་བཏུས་སྒྲིག ཞི་ཅིན་ཕིང་གི་བརྩམས་ཆོས་འདེམ་ཀློག་བཅས་ཀྱི་ནང་དོན་སྐོར་ཞིག་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེས་གསར་པ། ཀྲེ་ཅང་སྟོང་ཁྲིའི་བཟོ་སྐྲུན་གྱི་ཉམས་མྱོང་དཔེ་གཞི་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་བརྡ་སྦྱོར་གྱི་དགོངས་པ་བརྒྱུད་སྒྲོག་བྱས་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པར་མ་ཟད། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་སྟོང་ཁྲིའི་བཟོ་སྐྲུན་གྱི་གྱོད་གཞིའི་ཐད་ཀྱི་བྱེད་ཐབས་དང་ཉམས་མྱོང་བློ་སྐྱེད་དེ་དམངས་ཆེན་གྱི་བྱ་བའི་ཐད་བཀོལ་སྤྱོད་བྱེད་པ་དང་། མི་དམངས་བསམ་པའི་བརྩེ་བ་དང་དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་པ་དང་བྱ་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། བརྗོད་དོན་སློབ་གསོ་དང་ལས་སྒོ་བྱ་བ་གཉིས་ཀར་སྐུལ་འདེད་གཏོང་བ་དང་ནོར་འཛོལ་མི་འབྱུང་བར་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་གཞུང་ལུགས་སློབ་སྦྱོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། བློ་སྒྲིལ་སེམས་སྐྱེད་དང་དད་མོས་ལག་བསྟར་ཐད་འབད་བརྩོན་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ལག་བསྟར་ནན་མོ་བྱེད་པའི་སྟེང་ཤུགས་འདོན་དགོས། བརྟག་དཔྱད་ཞིབ་འཇུག་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། གནད་འགག་འཚོལ་བ་དང་དཀའ་གནད་སེལ་བའི་སྟེང་ཕན་འབྲས་བརྩོན་ལེན་བྱེད་དགོས། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པ་དམ་འཛིན་བྱས་ནས། དངོས་བཤེར་དངོས་སྒྱུར་དང་ཕན་འབྲས་ལེན་པའི་སྟེང་འཇོན་ཐང་ངོམས་དགོས། རྒྱུན་མཐུད་ངང་ལས་གཉེར་ལས་སྐྲུན་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་པའི་སྟེང་བྱས་རྗེས་གསར་པ་བཞག་སྟེ། བརྗོད་དོན་སློབ་གསོའི་ཐད་ནས་སྔོན་དཔག་གི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།


རིན་ཆེན་མཚོས་བསྒྱུར།