སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དཔྱད་གླེང་ཚོགས་འདུ་བསྡུས།
2023.06.22 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 42

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དཔྱད་གླེང་ཚོགས་འདུ་ཚེས་ཉེར་གཅིག་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་དགོས་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གཏིང་ཟབ་ཏུ་གོ་བ་བླངས་ཤིང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཀྱིབཟང་བོར་སྒྲུབ་སྟེ། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཚད་མཐོ་བའི་འགན་འཁྲིའི་འདུ་ཤེས་ཀྱིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་རྣམ་བཤད་གལ་ཆེན་ལས་དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་པ་དང་། ཆོས་ལུགས་གནད་དོན་ཇི་ལྟར་ཐག་གཅོད་པ། ཏང་གི་ཆོས་ལུགས་བྱ་བ་ཇི་ལྟར་བཟང་བོར་བསྒྲུབ་པ་སོགས་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གསལ་བོར་བཏབ་ཡོད་པ་དང་། དེ་ནི་དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བས་ངེས་པར་དུ་དམ་འཛིན་བྱེད་དགོས་པའི་བསམ་བློའི་མཛུབ་སྟོན་དང་བྱ་བའི་བསྲུང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྤྱིའི་ཚན་རིག་མ་ལག་ཁྲོད་བཞག་སྟེ་ངོས་འཛིན་དང་དམ་འཛིན་བྱེད་དགོས་ལ། རང་རྟོགས་ཀྱིས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དྲུག་བཟང་བོར་བསྒྲུབ་དགོས། སློབ་སྦྱོང་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། ཞིབ་འཇུག་རྒྱས་འགྲེལ་གཏིང་ཟབ་ཏུ་སྤེལ་བ། བསླབ་ནས་བེད་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་བྱ་བའི་དཔུང་ཁག་གསུམ་འཛུགས་སྐྲུན་གང་ལེགས་བྱས་ཏེ། དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཧྲི་ཐེ་ཧྥུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་དེ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་པ་ཡིན་ལ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། ཀྲེ་ཅང་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན། ཉིང་ཞཱ་ཧོས་རིགས་རང་སྐྱོང་ལྗོངས། ཧྲན་ཏུང་ཞིང་ཆེན་བཅས་ཀྱི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།