ལིས་ཆང་དང་འཇར་མན་གྱི་ཙུང་ལིས་སྐོར་ཐེངས་བདུན་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་ལ་མཉམ་དུ་མགོ་འཛིན་མཛད།
2023.06.22 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་པའོ་ལིན་ནས་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་མཉམ་དུ་སྐོར་ཐེངས་བདུན་པའི་ཀྲུང་གོ་དང་འཇར་མན་གྱི་སྲིད་གཞུང་གྲོས་མོལ་ལ་མགོ་འཛིན་མཛད།

རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་དཔལ་འབྱོར་ཉོ་ཚོང་། བཟོ་ལས། ནོར་སྲིད་དངུལ་ལོར། ཁྲིམས་འཛིན། འགྲིམ་འགྲུལ། སློབ་གསོ། ཚན་རྩལ། འཕྲོད་བསྟེན། ཁོར་སྲུང་། འཕེལ་རྒྱས་སོགས་སྡེ་ཁག་ཉེར་གཉིས་ཀྱི་འགན་ཁུར་བའི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།

ལིས་ཆང་གིས་བསྟན་དོན། ཐེངས་འདིའི་གྲོས་མོལ་ནི་དངོས་གཉེར་ནུས་མཐོ་ཡིན་ལ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མིག་སྔའི་གནས་བབ་འོག ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་དམ་ཟབ་བྱེད་དགོས་པ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་སྔར་ལས་མང་བའི་བྱས་རྗེས་འཇོག་དགོས་ལ། འཕེལ་འགྱུར་ཁྲོད་བརྟན་འཇགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མྱུར་དུ་འཛུགས་དགོས། ཕྱོགས་གཉིས་ཀྱིས་ལྷད་མེད་ཚུལ་སྒྱུར་གྱི་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་ལས་ཀྱི་རིམ་པ་འཕར་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གྲོས་གཞིའི་དབང་གིས་ཀྲུང་གོ་དང་འཇར་མན་དེ་ལྷད་མེད་མཉམ་སྐྱོད་ཀྱི་གྲོགས་པོར་གྱུར་བ་ཡིན་པས། དངོས་གཉེར་སྒོ་འབྱེད་ཀྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་མཉམ་ལས་ལ་ཤུགས་སྣོན་དང་། རྒྱལ་སྤྱིའི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གྱི་བརྟན་འཇགས་ལ་འགན་སྲུང་བྱས་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྔ་མོ་ནས་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

ཧྲུའུ་ཨར་ཚི་ཡིས་བསྟན་དོན། སྲིད་གཞུང་གི་གྲོས་མོལ་རྐྱེན་སྲོལ་ལས་འཇར་མན་དང་ཀྲུང་གོའི་འབྲེལ་བའི་དམིགས་བསལ་གྱི་གལ་ཆེན་རང་བཞིན་མངོན་པར་མཚོན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་གྲོས་གཞི་ཚང་མའི་ཐད་ནས་འབྲེལ་འདྲིས་སྲུང་འཛིན་བྱས་ཤིང་། མཉམ་དུ་ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། བུ་ལོན་གནད་དོན་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་འདོད་ཡོད། འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་དང་ཕྱོགས་གཉིས་ཀྱི་དངུལ་གཏོང་འབྲེལ་བ་དམ་ཟབ་ཡིན་ལ། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་འབྲེལ་མཚམས་གཅོད་འདོད་མེད་པར་མ་ཟད། ཀྲུང་གོའི་བར་གྱི་ཕྱོགས་གཉིས་དང་ཕྱོགས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་རྨང་གཞི་བརྟན་ཞིང་གསོན་ཤུགས་ཀྱིས་ཁེངས་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཆུ་ཚད་སྔར་ལས་མཐོ་བ་དང་ཚད་གཞི་སྔར་ལས་མཐོ་བ། སྤུས་ཚད་སྔར་ལས་མཐོ་བའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། འཛམ་གླིང་ཡོངས་ཀྱི་ཐོན་སྐྱེད་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འཚམ་ལ། འཛམ་གླིང་ལ་ཡང་དོན་སྙིང་གལ་ཆེན་ལྡན་པར་འདོད།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་མཉམ་དུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་དང་། གསར་གཏོད། སྔོན་ཐོན་བཟོ་སྐྲུན། ལས་རིགས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་དང་ཕྱོགས་མང་བོའི་མཉམ་ལས་ཡིག་ཆ་སྣ་ཚོགས་བཀོད་པར་བདེན་དཔང་མཛད་པར་མ་ཟད། མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།


བསོད་ནམས་ཚེ་རིང་གིས་བསྒྱུར།