ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་དགུ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་ཡར་ཞུ་བྱས་པར་ཉན་པ་དང་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་མ་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གཅིག་གྱུར་གྲོས་ཞིབ་བྱེད་པའི་གྲ་སྒྲིག་གནས་ཚུལ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་དོན་ཚན་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་དོ་དམ་སྲོལ་ཡིག་གི་མ་ཟིན་གྱི་གྲ་སྒྲིག་གནས་ཚུལ་བཅས་ཡར་ཞུ་བྱས་པར་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ནས་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་ཁྲོད་འཇོག་རྒྱུར་འཐད་པ་བྱུང་།
ཚོགས་ཐོག་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྲོལ་ཡིག་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག་གི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཉིས་སྟོང་ཉེར་གསུམ་ལོའི་ལོ་སྟོད་ཀྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཉིས་ལོའི་ནོར་སྲིད་ཀྱི་ངེས་རྩིས་ཞིབ་བཤེར་སྐོར་གྱི་སྙན་ཞུ་བཞིའི་གྲ་སྒྲིག་གནས་ཚུལ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་དམིགས་བསལ་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་གཤིས་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གནས་གཤིས་སྲོལ་ཡིག མཚོ་སྔོན་ཞིང་ཆེན་གནས་གཤིས་གནོད་འཚེ་སྔོན་འགོག་སྲོལ་ཡིག་བཅས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་ལས་གཉེར་བྱ་བའི་གནས་ཚུལ་གྱི་སྙན་ཞུའི་གྲ་སྒྲིག་གནས་ཚུལ་བཅས་ཡར་ཞུ་བྱས་པར་ཉན། ཀྲུའུ་རིན་གྲོས་ཚོགས་ནས་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་ཁྲོད་འཇོག་པར་འཐད་པ་བྱུང་བ་དང་ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་བཤེར་ཁང་གིས་ནར་མ་སོན་པའི་མིའི་ཞིབ་བཤེར་བྱ་བ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ལེགས་འགྲུབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་ལ་གྲོས་སྡུར་བྱས། ཀྲུའུ་རིན་གྲོས་ཚོགས་སྟེང་གྲོབ་ཞིབ་བསམ་འཆར་ལ་འཐད་པ་བྱུང་བ་དང་ཁྲིམས་བཀོད་སྒྲིག་རིམ་ལྟར་བསྒྲུབ་དགོས་པའི་བླང་བྱ་བཏོན།
མི་ཕམ་མགོན་པོས་བསྒྱུར།