དམར་པོའི་དྲན་ཆེས་འཚོལ་བ་དང་མདེལ་གཉིས་སྐར་གཅིག་གི་བྱས་རྗེས་ལ་གུས་འདུད་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2023.06.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན། དམར་པོའི་དྲན་ཤེས་འཚོལ་བ་དང་མདེལ་གཉིས་སྐར་གཅིག་གི་བྱས་རྗེས་ལ་གུས་འདུད་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་མངགས་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཏུའུ་ཞང་ཝན་དང་ཕིན་ཞན་ཅུའེ། ཧི་ཞན་ཧྲི། ཁྲིན་ཧྲི་ཀང་། ཀའོ་པོ་ལིན། ཀྲང་ཞིན་ཝེ་བཅས་མདེལ་གཉིས་སྐར་གཅིག་གི་ལས་དོན་ཁྲོད་ཞུགས་པའི་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གཉིས་ཀྱི་ཡོན་ཧྲི་ལ་འཚམས་འདྲི་བྱས་པར་མ་ཟད་ཤིས་ཚིག་ཕུལ། ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། གླིང་གཙོ་གཞོན་པ་ཀྲང་ཁི་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་གཉིས་གཉིས་གཅིག་རྟེན་གཞིའི་སྲུང་སྐྱོབ་བེད་སྤྱོད་ཐད་ཀྱི་བརྙན་རིས་ལ་བལྟས་པ་དང་། ཀྲའོ་ཡུའེ་ཞ་ཡིས་མཚོ་སྔོན་འཕེལ་རྒྱས་ཀྱི་གནས་ཚུལ་དང་གསར་བརྗེའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་བྱེད་པའི་གནས་བབ་ངོ་སྤྲོད་བྱས་པར་མ་ཟད་ཡོན་ཧྲི་ཚོ་དང་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས། ཚོགས་ཞུགས་ཡོན་ཧྲི་ཡིས་མདེན་གཉིས་སྐར་གཅིག་ལས་དོན་ཁྲོད་ཞུགས་པའི་གཟི་བརྗིད་ལྡན་པའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། དུས་ནམ་ཡང་གཉིས་གཉིས་གཅིག་རྟེན་གཞིར་སེམས་ཁུར་བྱེད་པ་དང་། མཚོ་སྔོན་དུ་གནམ་ས་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པའི་ཚུལ་བསྟན། ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། མདེལ་གཉིས་སྐར་གཅིག་གི་རླབས་ཆེན་ལས་དོན་ལོ་རྒྱུས་དེབ་ཐེར་དུ་གསལ་ལེར་བཀོད་ཡོད་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཡུན་རིང་བོར་འགྱུར་མེད་རྒྱུན་འཛིན་བྱེད་ངེས་ལ། ཡོན་ཧྲི་ཚོ་ནི་རླབས་ཆེན་ལས་དོན་གྱི་གསར་འབྱེད་པ་དང་ཟབ་ཞུགས་པ། བདེན་དཔང་པ་ཡིན་པ་དང་། ཚང་མའི་འོད་སྟོང་འབར་བའི་བྱས་རྗེས་ནི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་མཚོན་བྱེད་ཡིན་ཟེར། ཁོ་མོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ་དང་། མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་འགན་འཁྲི་རུ་བརྩིས་ནས། གཉིས་གཉིས་གཅིག་རྟེན་བཞི་སོགས་ཀྱི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་བྱེད་དགོས། སྙིང་སྟོབས་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་པ་དང་། དཀའ་སྤྱད་མདུན་སྐྱོད་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་དགོས། བརྗོད་དོན་སློབ་གསོའི་ཁྲོད་འདྲེས་པར་བྱེད་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གཙོ་བོར་བརྩི་བ། ཏང་ཡོན་ལས་བྱེད་པས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པའི་ཐད་ནས་ཡར་ཐོན་གསར་བ་མངོན་འགྱུར་བྱས་ཏེ། གྲུབ་འབྲས་གསར་བ་ལེན་དགོས། འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་སྐབས་ད་དུང་དྲ་རྒྱའི་ལམ་ནས་མདེལ་གཉིས་སྐར་གཅིག་ཐད་ཀྱི་བྱས་རྗེས་འཇོག་མཁན་སྐོར་ཞིག་ལ་འབྲེལ་འདྲིས་བྱས།