ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས། བརྗོད་དོན་སློབ་གསོ་དང་དམར་པོའི་སློབ་གསོའི་ཐོན་ཁུངས་མཉམ་བསྲེས་ཟབ་མོ་བྱེད་པའི་རྩོམ་ཡིག་བྲིས་པ་དང་། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། བདུན་གཅིག་སྔོན་དུ། ཞིང་ཆེན་སློབ་གསོ་ཐིན་དང་མཉམ་འབྲེལ་བྱས་ནས་དམར་པོའི་གཏམ་རྒྱུད་ཀྱི་འགྲེལ་བཤད་པ་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ། སྔ་གཞུག་ཏུ་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཅིག་པ། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་བཞི་པ་སོགས་སློབ་གྲྭ་ཆེ་འབྲིང་དྲུག་ལ་སོང་ནས་སྒྲོག་བཤད་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་དང་དགེ་སློབ་ཚོས་དགོངས་པར་ཚོར་ཤེས་བྱེད་པ་དང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བར་སྣེ་ཁྲིད་བྱས་ཏེ། བརྗོད་དོན་སློབ་གསོ་བརྟན་བརླིང་དང་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱས། དགེ་སློབ་སྟོང་གཉིས་ལྷག་གིས་དམར་པོའི་སློབ་གསོ་དང་ལེན་བྱས།
བྱ་འགུལ་གྱི་གྲུབ་འབྲས་ལ་ཁག་ཐེག་བྱེད་ཆེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་དམར་པོའི་ཡུལ་སྐོར་གྱི་ཕུལ་བྱུང་ལྗོངས་རྒྱུ་ཁུལ་གྱི་གྲས་ནས་ཕུལ་བྱུང་འགྲེལ་བཤད་པ་དྲུག་འཐེན་སྐོང་བྱས་ནས་དམར་པོའི་གཏམ་རྒྱུད་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། མཚོ་སྔོན་ས་ཁོངས་ནང་གི་དམར་པོའི་གཏམ་རྒྱུད་སྒྲོག་འགྲེལ་ཀྱི་བརྗོད་དོན་དུ་བྱས་པ་དང་། དུས་རབས་གསར་བའི་རྒྱང་སྐྱོད་ལམ་དུ་བསྐྱོད་པ་སྟེ་དམར་དམག་གི་པད་མ་རྫོང་གི་གཏམ་བཤད་རྒྱུད་དང་། ནུབ་ལམ་དམག་གི་མཚོ་སྔོན་གྱི་གཏམ་རྒྱུད། མཚོ་བོད་གཞུང་ལམ་འཛུགས་སྐྲུན་གྱི་གཏམ་རྒྱུད། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས། སྐལ་བཟང་གི་ལག་རྗེས། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་ཀྱི་གཏམ་རྒྱུད་སོགས་བརྗོད་དོན་ནང་དོན་གྱི་སྒྲོག་འགྲེལ་མ་ཡིག་བྲིས་ལ། སྒྲོག་འགྲེལ་རྣམ་པར་གསར་གཏོད་བྱས་པ་དང་། བརྙན་རིས་དང་བརྙན་ཐུང་ལས་པ། སེམས་ཞིབ་མོས་སྦྱོང་བརྡར་རྩ་འཛུགས་བྱས་ལ། ཡུལ་དངོས་ནས་དྲི་བ་འདོན་པ་དང་སློབ་མའི་བར་བརྗེ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྒྲོག་འགྲེལ་གྱི་མཉམ་འདྲེས་ནུས་ཤུགས་དང་འགུག་ཤུགས་ཇེ་མཐོར་བཏང་།
སྒྲོག་འགྲེལ་ཚོགས་པས་དགེ་སློབ་ཚོའི་ཁྲོད་ཚུར་སྣང་ཆེན་པོ་བསླངས་པ་དང་། སློབ་མ་ཚོས་ལང་ལོང་གིས་བསྟན་དོན། སྒྲོག་འགྲེལ་ཚོགས་པས་བཤད་པའི་དམར་པོའི་གཏམ་རྒྱུད་ཚང་མ་མཚོ་སྔོན་དུ་བྱུང་བ་དང་། ཉེ་འགྲམ་དུ་བྱུང་ལ། སྒྲོག་འགྲེལ་ཚོགས་པའི་འཁྲབ་བཤད་ལ་ཉན་པ་བརྒྱུད་དེ། མཚོ་སྔོན་གྱི་དམར་པོའི་གཏམ་རྒྱུད་ལ་མྱོང་ཚོར་ཟབ་མོ་བྱུང་བ་དང་། ཁོ་ཚོའི་བརྩེ་སེམས་ཆེར་སྐྱེད་ལ། ཁོ་ཚོས་དམར་པོའི་གཞི་རྒྱུ་ལ་བརྟེན་ནས་བློ་སྟོབས་དང་ལ་རྒྱ། གདེང་ཤུགས་ལ་ཞུན་བརྡར་བྱེད་པར་སྣེ་ཁྲིད་བྱས་པ་དང་། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་བཏང་སྟེ། དུས་རབས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས། རྗེས་ཕྱོགས་ཀྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་སྤྱི་ཚོགས་ལག་ལེན་ལ་ཤུགས་སྣོན་པ་དང་། སྔོན་རབས་པའི་ཕུགས་འདུན་རྒྱུན་འཛིན་བྱེད་པ། གསར་གཏོད་ནུས་པ་དང་ལག་ལེན་ནུས་པ་མཐོར་འདེགས་གཏོང་བ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། ཧུར་ཐག་གིས་རང་ཉིད་བྱང་ཚད་མཐོ་བ་དང་རྩལ་ནུས་མཐོ་བ། སྤྱི་ཚོགས་དང་བྱ་བའི་དགོས་མཁོ་དང་འཚམ་པའི་ཚད་ལྡན་འཇོན་མི་རུ་སྐྱེད་སྲིང་བྱེད་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།