ལིས་ཆང་གིས་ཧྥ་རན་སིའི་གྲོས་ཞུགས་ཁང་གི་གྲོས་དཔོན་ལཱ་ཨར་ཞེ་ལ་མཇལ་འཕྲད་གནངས།
2023.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་རེ་སིའི་ལུའུ་སིན་པའོ་ཕོ་བྲང་ཆུང་བ་ནས་ཧྥ་རན་སིའི་གྲོས་ཞུགས་ཁང་གི་གྲོས་དཔོན་ལཱ་ཨར་ཞེ་ལ་མཇལ་འཕྲད་གནངས།

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕཱ་རེ་སིའི་ལུའུ་སིན་པའོ་ཕོ་བྲང་ཆུང་བ་ནས་ཧྥ་རན་སིའི་གྲོས་ཞུགས་ཁང་གི་གྲོས་དཔོན་ལཱ་ཨར་ཞེ་ལ་མཇལ་འཕྲད་གནངས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་ཙམ་གྱི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་བཞིན་ཡོད། ལོ་ངོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་མདུན་ནས། ཕྱོགས་གཉིས་ཀྱིས་འབྲེལ་བ་འཛུགས་པའི་ཐོག་མའི་སེམས་འདུན་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་གྱི་ཐོན་ལས་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་། ཧུར་ཐག་སྒོས་ལྷད་མེད་འཕེལ་རྒྱས་སོགས་མཉམ་ལས་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་དེ་ཕྱོགས་གསུམ་པའི་མཉམ་ལས་སྤེལ་འདོད་ཡོད། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་དེས་ཧྥ་རན་སིའི་ཁེ་ལས་ལ་གོ་སྐབས་ཆེན་པོ་བསྐྲུན་ཡོད། སང་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་དང་རིག་གནས་ཡུལ་སྐོར་ལོ། ཕཱ་རེ་སིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལོ་བཅས་ཡིན་པས། ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བྱས་ཏེ། ཕྱོགས་ཡོངས་ནས་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱས་ནས་ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སིའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྔོན་ཆད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། གྲོས་མོལ་དང་ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་སྔར་ལས་ལྷག་པའི་བཅའ་ཁྲིམས་འགན་སྲུང་དང་སྲིད་ཇུས་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་འདོད་ཡོད། ཧྥ་རན་སིའི་གྲོས་ཞུགས་ཁང་གི་གྲོས་མི་དག་ཀྲུང་གོར་ལྟ་སྐོར་བྱེད་དུ་ཡོང་ནས། རྒྱལ་ཁབ་གཉིས་ཀྱི་ས་གནས་ཀྱིས་མུ་མཐུད་དུ་ས་ཁོངས་ཁྱད་སྟོབས་འདོན་སྤེལ་དང་། མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་གི་སྦྲེལ་ཐག་ཇེ་དམ་དུ་གཏོང་བར་དགའ་བསུ་ཞུས།

ལཱ་ཨར་ཞེ་ཡིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོས་བདག་དབང་དང་སྒེར་ཚུགས་རང་དབང་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་ཤུགས་ཀྱིས་ཁེངས་ཡོད། སང་ལོ་ནི་ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་དང་རིག་གནས་གནས་སྐོར་ལོ་ཡིན་ལ། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བར་སྔར་ལས་འོད་སྟོང་འབར་བའི་མདུན་ལྗོངས་མངོན་ཡོད། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཧྥ་རན་སིའི་གྲོས་ཞུགས་ཁང་གིས་ཧྥ་རན་སི་དང་ཀྲུང་གོའི་མཛའ་མཐུན་ཚན་ཆུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། གང་མགྱོགས་ཀྱིས་ཧྥ་རན་སིའི་གྲོས་ཞུགས་ཁང་དང་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་སླར་གསོ་བྱེད་པར་རེ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།