ལིས་ཆང་གིས་འཇར་མན་དང་ཧྥ་རན་སིར་འཚམས་འདྲི་གནང་ཚར་ནས་ཕྱིར་པེ་ཅིང་དུ་འབྱོར།
2023.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རིམ་པ་བཞིན་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་རེས་སྐོར་བདུན་པའི་གྲོས་མོལ་ལ་ཞུགས་ཚར་ནས་འཇར་མན་དང་ཧྥ་རན་སིར་དངོས་གཞིའི་འཚམས་འདྲི་གནང་བ་དང་། གོ་ལ་ཧྲིལ་པོའི་དངུལ་བསྡུ་གན་རྒྱའི་རྩེ་ཚོགས་གསར་པར་ཞུགས་ཚར་རྗེས། གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་འབྱོར། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་གནང་མཁན་ཚང་མ་མཉམ་དུ་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་བདེ་བར་འབྱོར།

བན་དེ་སྐྱབས་ཀྱིས་བསྒྱུར།