ཞི་ཅིན་ཕིང་གིས་པི་ལི་ཧྲི་ཡི་མཛའ་མཐུན་མི་སྣ་གྲགས་ཅན་ཏུང་པོ་ལ་འཕྲིན་ལན་བསྐུར།
2023.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 81

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་ལི་ཧྲི་ཡི་མཛའ་མཐུན་མི་སྣ་གྲགས་ཅན་ཏུང་པོ་ལ་འཕྲིན་ལན་བསྐུར་ཏེ། ཁོས་མུ་མཐུད་དུ་ཀྲུང་གོ་དང་པི་ལི་ཧྲི་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་མཛའ་མཐུན་ལ་མུ་མཐུད་སྐུལ་འདེད་གང་ལེགས་གཏོང་དགོས་པའི་ཐད་ནས་སྐུལ་ལྕག་གནང་། འཕྲིན་ལན་དེའི་ནང་དུ་ཕྱིར་དྲན་དྲོན་མོ་དང་ལྷག་བསམ་ཟོལ་མེད་ཀྱི་རེ་བས་བལྟམས་ཡོད་པས། དེས་བརྩེ་དུང་ཟབ་མོ་བརྒྱུད་སྤྲོད་གནང་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡིག་ལན་ཁྲོད་ཀྲུང་གོ་དང་པི་ལི་ཧྲི་ཡི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀའི་ལས་རིགས་ཁག་གི་མཛའ་མཐུན་མི་སྣས་དུས་ཡུན་རིང་བོར་འབད་བརྩོན་ལྷོད་མེད་བྱས་པ་དང་། སྒེར་སེམས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་གཏན་ནས་མེད། ཁྱོད་དང་མཛའ་མཐུན་མི་སྣ་གཞན་དག་གིས་མུ་ནས་མུ་རུ་མཛའ་མཐུན་གྱི་ས་བོན་བཏབ་ནས། མང་ཚོགས་དང་ལྷག་པར་དུ་ན་གཞོན་སྔར་ལས་གང་མང་ཞིག་མཛའ་མཐུན་ལས་དོན་ཁྲོད་ཞུགས་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་པི་ལི་ཧྲི་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།

མཛའ་མཐུན་མི་སྣ་ཏུང་པོས་ཀྲུང་གོས་དཔལ་ཡོན་མི་འདྲ་བའི་བར་ཕན་ཚུན་དཀྱེལ་ཡངས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས། མཉམ་དུ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཅེས་པའི་འདོད་ཚུལ་འཛིན་གྱིན་པར་ང་རང་ངོས་ནས་འཐད་པ་ཡིན། མཛེས་སྡུག་ནི་མི་ཚང་མའི་ཕུགས་འདུན་ཡིན་ལ་དེ་མཉམ་དུ་ལོངས་སྤྱོད་བྱས་ཆོག་ཅིང་། མི་ཚང་མས་མཛེས་སྡུག་གི་ཆེད་དུ་ལེགས་སྐྱེས་ཕུལ་ནས་འཛམ་གླིང་འདི་ཉིད་སྔར་ལས་ཇེ་སྐྱིད་ཇེ་ཡག་ཏུ་གཏོང་དགོས་ཞེས་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།