ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་གིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བརྙན་རིས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མིག་སྔའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་ཀྱི་གནས་བབ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། དབྱར་དུས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་དུ་སྤེལ་བ། ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་དོ་དམ་ཚོད་འཛིན་འཛུགས་སྐྲུན་གྱི་ལས་དོན་སོ་སོར་དམ་འཛིན་ཡག་པོ་བཅས་བྱས་ཏེ། བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་ཀྱི་བསམ་སྦྱོར་དངོས་ལ་བརྟེན་ནས། བརྗོད་དོན་སློབ་གསོའི་ཕན་འབྲས་མངོན་གང་ཐུབ་བྱེད་དགོས་ཞེས་བསྟན།
ཝང་ཞའོ་ཧུང་གིས་སིམ་འཛུལ་ལ་ངོ་རྒོལ་དང་འཇིགས་སྐུལ་ལ་ངོ་རྒོལ། ཁ་བྲལ་ལ་ངོ་རྒོལ། ལོག་ཆོས་ལ་ངོ་རྒོལ་བཅས་བྱེད་པའི་འཐབ་རྩོད་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཆབ་སྲིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས། དུས་རབས་གསར་པའི“ཧྥིན་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་སྔར་ལས་འཕེལ་རྒྱས་སུ་བཏང་ནས། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ལ་རྩིས་བཤེར་དང་འདུམ་འགྲིག་ནུས་ལྡན་བྱེད་དགོས། ནག་འཇོམས་ངན་སེལ་གྱི་ལས་དོན་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། གློག་འཕྲིན་དང་དྲ་ཐོག་གི་མགོ་སྐོར་གཡོ་ལེན་དང་རྒྱལ་ཁོངས་ལས་བརྒལ་བའི་རྒྱན་འགྱེད་སོགས་ཁྲིམས་འགལ་ཉེས་གསོག་མངོན་གསལ་ཅན་ལ་ཁྲིམས་མཐུན་ལྟར་རྡུང་རྡེག་ཚ་ནན་གཏོང་བ། རྡུང་རེས་དང་བསྙད་རྐོ་ཟིང་སློང་གི་སྣང་ཚུལ་གང་མགྱོགས་ངང་ཐག་གཅོད་བྱེད་པ། བསྙད་རྐོ་ཟིང་སློང་སོགས་དབྱར་དུས་སུ་འབྱུང་ཐེངས་མང་པའི་གྱོད་དོན་ལ་རྩད་ཞིབ་གང་ལེགས་བྱེད་པ། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་བཅངས་ནས་ཉམས་ཞན་ཚོགས་སྤྱིར་གནོད་པའི་ཉེས་གསོག་དོན་རྐྱེན་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་སུ་སྔོན་འགོག་ཚོད་འཛིན་ནན་མོ་བྱས་ཏེ། སྤྱི་བདེ་དང་དྲག་ཆས་ཉེན་རྟོག་གི་རྒྱབ་ཕྱོགས་མཁོ་སྒྲུབ་དྲག་ཆས་སྐོར་གཡེང་དང་མགྱོགས་མྱུར་དང་ལེན་བྱེད་པ་སོགས་ཀྱི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ནས། མང་ཚོགས་བློ་བདེ་བག་ཕེབས་ཡོང་བར་འབད་དགོས། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་དམ་ཟབ་བྱས་ནས། སྤྱི་བའི་བདེ་འཇགས་ལ་གནོད་པའི་འགལ་རྐྱེན་མཐའ་དག་སེལ་ཏེ། སྤྱི་བའི་བདེ་འཇགས་ཀྱི་སྐོར་ནས་ལས་འཛོལ་ཚབས་ཆེན་མི་འབྱུང་བའི་ཐད་སྔོན་འགོག་གང་ལེགས་བྱེད་དགོས། བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ་ནས། དཔུང་སྡེ་ཡི་སློབ་གསོ་དོ་དམ་ལ་དམ་འཛིན་ནན་མོ་བྱས་ཏེ། དུས་རབས་ཀྱིས་བཅོལ་བའི་ལས་འགན་ལྕི་མོ་འཁུར་ཕོད་པའི་སྤྱི་བདེ་དམག་མི་བརྟན་པོ་ཞིག་བྱེད་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།