ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ལས་ཚན་ཁག་སྨན་ཁང་གིས་བརྗོད་དོན་སློབ་གསོ་དང་སྨན་ཁང་གི་ལྟེ་བའི་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་གྱི་རྩ་བའི་ལས་འགན་འདི་ཉིད་ཁོང་དུ་ལེགས་པོར་ཆུད་པར་བྱས་ནས། ཇུས་འགོད་ཞིབ་ཚགས་དང་སྐུལ་འདེད་གཏིང་ཟབ་བཏང་སྟེ། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱས།
སྨན་ཁང་ཏང་ཨུ་ཡིས་མགྱོགས་མྱུར་ངང་བརྗོད་དོན་སློབ་གསོ་སྤེལ་བར་དམིགས་ཏེ། མྱུར་མོར་སྨན་ཁང་གི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་བཟོས་པ་དང་། བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་དང་ལས་དོན་སྒྲིག་གཞི་བཙུགས་ཏེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་ལས་ཀའི་འགན་འཁྲི་སྔར་ལས་ཇེ་བརྟན་དུ་བཏང་།
དད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ནས་ས་མཐོའི་ཡུལ་ལ་ལེགས་སྐྱེས་འབུལ་ཞེས་པའི། “བདུན་པའི་ཚེས་གཅིག་གི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཡོན་ཧྲི་ཝུའུ་ཐེན་དབྱི་ཡི་མཛད་རྗེས་ཞེས་པ་སོགས་ཏང་གི་སློབ་ཁྲིད་རྩ་འཛུགས་བྱས་པ་དང་། སྨན་ཁང་གི་སྨན་བཅོས་མི་སྣ་ཡོངས་ཀྱིས་རང་སོ་སོའི་ཉེ་འགྲམ་གྱི་སྔོན་ཐོན་དཔེ་བཟང་ལ་སློབ་སྦྱོང་བྱས་ནས། སློབ་སྦྱོང་བྱས་པ་ལ་བརྟེན་ནས་ཐོབ་པའི་བཟང་ཆ་ལག་ལེན་དངོས་ཀྱི་ཁྲོད་དོན་འཁྱོལ་བྱས་ཏེ། “སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ”དང་། ཞབས་ཞུའི་རྣམ་འགྱུར་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་གོ་རིམ་སྔར་ལས་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ་བཅས་བྱས་ནས། བརྗོད་དོན་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ།
བརྗོད་དོན་སློབ་གསོ་སྤེལ་བ་ལ་བརྟེན་ནས། སྨན་ཁང་དུ་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱེད་པའི་སྲོལ་བཟང་དར་སྤེལ་བཏང་སྟེ། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་དེ། འགན་འཁྲི་དང་འགན་ནུས་ལ་རྐང་ཚུགས་པར་བྱེད་པ་དང་། དོན་དངོས་ཁྲོད་ཟབ་ཞུགས་བྱེད་པ། མང་ཚོགས་དང་འབྲེལ་འདྲིས་བྱེད་པ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་བཅས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།