ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ།
2023.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་ལྔ་པའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྣམ་པ་གསར་སྐྲུན་བྱས་ཏེ་ཚོགས་པ་བཙུགས་ནས་འགན་སྒྲུབ་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དང་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་ཞུ་བའི་དངོས་ཡོད་ཀྱི་བྱེད་ཐབས་སུ་བསྒྱུར་བ་དང་འགན་སྒྲུབ་རྣམ་པའི་གསར་གཏོད་གཏིང་ཟབ་ལ་བརྟེན་ནས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ནུས་ཤུགས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་།

ཚོགས་འཛུགས་རང་བཞིན་གྱི་འགན་སྒྲུབ་ཀྱིས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བྱ་བའི་ཁྲོད་ཀྱི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། རང་མོས་ཁ་ཕྱོགས་དང་ཆེད་ལས་འཇོན་ཐང་། མི་རེ་རེས་རང་ནུས་ཅི་ལྕོགས་དང་ཚོགས་པ་བཙུགས་ནས་འགན་སྒྲུབ་བྱེད་པའི་རྩ་དོན་ལྟར། འགན་འཁྲི་གཙོ་བོ་དང་ཁྱད་ཆོས། མཛུབ་ཁྲིད་བཅས་གཞི་གཅིག་ཅན་གྱི་འགན་སྒྲུབ་བྱེད་ཐབས་སྤྱད་ནས་མི་རེ་རེ་བཞིན་རང་གི་གཙོ་གཞིའི་བྱ་བ་ཡོད་པ་དང་དེ་དང་འབྲེལ་ཡོད་ཀྱི་འགན་འཁྲི་འཁུར་བ། ལས་བགོས་གཞོག་འདེགས་བྱེད་པ། དཀྱེལ་ཡངས་རོགས་རེས། ཆེད་ལས་དང་ལས་ཞོར་ཟུང་འབྲེལ་བྱེད་པ། གཞི་རིམ་ལ་མཛུབ་ཁྲིད་བྱེད་པའི་སྒོ་འབྱེད་རང་བཞིན་གྱི་འགན་སྒྲུབ་རྐྱེན་སྲོལ་བཙུགས་པ་དང་། ལག་བསྟར་ཨུ་ཡོན་ལྷན་ཁང་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཁྲོད་ཀྱི་ཟབ་ཞུགས་ཚད་དང་གྲུབ་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་བྱེད་པའི་གསོན་ཤུགས་འདོན་སྤེལ་བྱས་པ་དང་། ཚོགས་འཛུགས་འགན་སྒྲུབ་རྣམ་པས་དམངས་གཉེར་དཔལ་འབྱོར་གྱི་བདེ་ཐང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་འཛུགས་རང་བཞིན་གྱི་འགན་སྒྲུབ་ཀྱིས་དམངས་གཉེར་ཁེ་ལས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཆེད་ལས་ཁྱབ་ཁོངས་དང་ལས་རིགས་ཁྱད་ཆོས། འགན་སྒྲུབ་ཁ་ཕྱོགས་བཅས་གཞི་འཛིན་སར་བྱས་ནས་གཙོ་བོར་བརྟག་དཔྱད་ཞིབ་འཇུག་དང་སྲིད་ཇུས་དྲིལ་སྒྲོག དཔལ་འབྱོར་ཞབས་ཞུ། ཁྲིམས་ལུགས་ཞབས་ཞུ། སྤྱི་ཚོགས་ཞབས་ཞུ། གྲོང་གསེབ་དར་སྤེལ། སྲིད་ཞུགས་སྲིད་གླེང་། འབྲེལ་འདྲིས་གཞོག་འདེགས་སོགས་འགན་སྒྲུབ་ཚོགས་པ་བརྒྱད་བཙུགས་ཡོད། འགན་སྒྲུབ་ཚོགས་པ་རེ་རེར་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཆེད་འགན་ཀྲུའུ་ཞི་གཞོན་པས་མི་བསྡུ་བར་འགན་འཁུར་པ་དང་། དམངས་གཉེར་དཔལ་འབྱོར་ཁེ་ལས་པའི་ཀྲུའུ་ཞི་གཞོན་པའམ་ཚོགས་གཙོ་གཞོན་པས་ཚན་གཙོ་དང་ཚན་གཙོ་གཞོན་པའི་འགན་འཁུར་ནས་རྩ་འཛུགས་བྱས་ཏེ་ཚོགས་འཛུགས་རང་བཞིན་གྱི་འགན་སྒྲུབ་བྱེད་སྒོ་སྤེལ་དགོས། འགན་སྒྲུབ་ཚོགས་པ་རེ་རེས་གཙོ་བོར་གྲོང་ཁྱེར་རམ་ཁུལ་གཅིག་ལ་འབྲེལ་འདྲིས་བྱས་ཏེ་གཞི་རིམ་ལ་མཛུབ་ཁྲིད་བྱེད་དགོས། འགན་སྒྲུབ་ཚོགས་པ་རེ་རེས་གཏན་ཁེལ་གྱི་མཐུན་སྦྱོར་ཚོགས་པར་འབྲེལ་འདྲིས་བྱས་ནས་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་བྱ་བར་མཛུབ་སྟོན་བྱེད་པ་དང་། མཐུན་སྦྱོར་ཚོགས་པའི་ཚད་ལྡན་རང་བཞིན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འགན་སྒྲུབ་གོ་རིམ་ཁྲོད་ལག་བསྟར་ཨུ་ཡོན་རེ་རེས་གཙོ་གཞིའི་བྱ་བའི་རྨང་གཞིའི་སྟེང་རང་སྟེང་གི་ཁྱད་སྟོབས་དེ་ཁྱབ་ཁོངས་གཞན་པ་དང་འབྲེལ་ནས་འགན་སྒྲུབ་བྱས། དམངས་གཉེར་ཁེ་ལས་པའི་ལག་བསྟར་ཨུ་ཡོན་གྱི་འགན་སྒྲུབ་གྲུབ་འབྲས་དེ་ལོ་ཧྲིལ་བོའི་འགན་སྒྲུབ་སྙན་ཞུ་དང་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་ལས་མངོན་པར་བྱས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ནུས་པུའུ་དེ་འགན་སྒྲུབ་ཚོགས་པའི་འབྲེལ་གཏུག་པུའུ་བྱས་ནས་འབྲེལ་ཡོད་འབྲེལ་གཏུག་ཞབས་ཞུའི་བྱ་བ་བསྒྲུབས།

མི་ཕམ་མགོན་པོས་བསྒྱུར།