མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧྲང་ཧེ་རུ་རྟོག་ཞིབ་བྱས།
2023.06.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲང་ཧེ་རུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད། ཧྲང་ཧེ་དང་མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀུང་ཀྲིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོར་ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་མཚོ་སྔོན་དང་ཧྲང་ཧེ་ཡི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཚབ་བྱས་ནས་ཧྲང་ཧེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ནས་རོགས་སྐྱོར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་སྒྲོམ་གཞིའི་གྲོས་མཐུན་བཀོད།

ཁྲིན་ཅི་ཉིང་གིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ། མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཧྲང་ཧེའི་འཕེལ་རྒྱས་ཐད་རྒྱབ་སྐྱོར་རོགས་སྐྱོར་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིར་སེམས་ཁུར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཟུང་བ་དང་། རྒྱལ་དོན་གལ་ཆེན་ཡིད་ལ་འཛིན་པ། རྣམ་པ་གསར་བ་བསྐྲུན་པ། སྐྱེ་ཁམས་ཀྱི་འགོག་ར་ཇེ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཁྱད་ཆོས་མངོན་གསལ་ལྡན་ཞིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད། མཚོ་སྔོན་གྱི་བློ་མཐུན་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་ཁག་ཁུར་བྱེད་པ་དང་དཔའ་སྐྱེད་མདུན་སྐྱོད་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་སྲོལ་རྒྱུན་བཟང་བོ་དང་སྤྱོད་ཚུལ་བཟང་བོར། ཧྲང་ཧེ་ཡིས་སློབ་སྦྱོང་དང་དཔེ་ལྟ་བྱེད་འོས་ཟེར།

ཁྲིན་ཅི་ཉིང་གིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ནི། ཧྲང་ཧེའི་གཡོལ་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་གཟི་བརྗིད་ཀྱི་ལས་འགན་ཡིན། ཧྲང་ཧེ་ཡིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་ལྟར། འགན་འཁྲི་གསར་བ་དང་རེ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། མཉམ་དུ་ཕྱུག་པོར་བསྒྱུར་བའི་བསྐྱོད་ལམ་གསར་བའི་སྟེང་ཧྲང་ཧེ་དང་མཚོ་སྔོན་གྱི་རོགས་སྐྱོར་མཉམ་ལས་ཐད་ནས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་རྒྱུ་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་སྤེལ་བ་གཙིགས་སུ་འཛིན་པ་དང་། ཚོགས་པ་རང་བཞིན་གྱི་སློབ་གསོ་དང་སྨན་བཅོས་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ། གྲོང་གསེབ་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། འཇོན་མིའི་མཉམ་ལས་དང་མི་སྣའི་འགྲོ་འོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དེ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་བཟོ་སྐྲུན་འཛུགས་སྐྲུན་བྱེད་དགོས། ཧྲང་ཧེ་དང་མཚོ་སྔོན་གཉིས་ཀྱི་འཐབ་ཇུས་ཕྱོགས་གནས་དང་ཐོན་ཁུངས་ཁྱད་སྟོབས། འཕེལ་རྒྱས་ཀྱི་དགེ་མཚན་ཐད་ནས་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་། ས་གཉིས་ཀྱི་འཕེལ་རྒྱས་མཉམ་ལས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། རེ་བ་ཡིན་ན་ས་གཉིས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་མཉམ་དུ་ཞབས་འདེགས་ཞུ་བ། ཐཱན་གཉིས་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨང་གཞི་སྒྲིག་ཆས་ཀྱི་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་པ། ཤར་གྲངས་ནུས་རྩིས་ཀྱི་མཉམ་ལས་མ་དཔེ་གསར་བ་འཚོལ་ཞིབ་བྱེད་པ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བཏོད་དེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཁྲིན་ཀང་གིས་ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། ཧྲང་ཧེ་མི་དམངས་ཀྱིས་ལོ་ངོ་མང་པོའི་རིང་ལ་རོགས་སྐྱོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཧྲང་ཧེ་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་དམིགས་བསལ་གྱི་ཐུགས་ཁུར་བྱས་པ་དེ་ཡིན། ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་ཁག་ཁུར་མཐོན་པོས་ང་ཚོར་དོན་བཟང་དང་དོན་དངོས་མང་པོ་བསྒྲུབས་པ་དང་། མཚོ་སྔོན་དང་ལྷག་པར་དུ་མགོ་ལོག་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་བཏང་ལ། ང་ཚོས་རྒྱལ་དོན་ཆེན་པོ་ཡིད་ལ་འཛིན་པར་སྐུལ་སློང་བཏང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་བྱས་རྗེས་བཞག མིག་སྔར་ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ཐེངས་འདིའི་གྲོས་མཐུན་འགོད་པ་དེ་གོ་སྐབས་སུ་བརྩིས་ནས། རྒྱབ་སྐྱོར་རོགས་སྐྱོར་བྱ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་མཐོར་འདེགས་གཏོང་བ་དང་། ལྷག་པར་དུ་སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་པ་རང་བཞིན་གྱི་རོགས་སྐྱོར་དང་འཇོན་མི། ཐོན་ལས་སོགས་ཕྱོགས་ནས་རོགས་རམ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་རྒྱུར་རེ་སྒུག་བྱས་ཡོད། ང་ཚོས་རོགས་སྐྱོར་མཉམ་ལས་ཀྱི་གྲོས་མཐུན་ལག་བསྟར་བཟང་བོ་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཧྲང་ཧེ་དང་མཚོ་སྔོན་གྱི་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལ་དྲིན་གཟོ་བྱེད་པ་དང་། ཧྲང་ཧེ་གྲོང་ཁྱེར་དང་ཧྲང་ཧེ་མི་དམངས་ཀྱི་མཛའ་བརྩེ་ཟབ་མོར་དྲིན་ལན་འཇལ་རྒྱུ་ཡིན།

ཧྲང་ཧེ་རུ་རྟོ་ཞིབ་བྱེད་སྐབས། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་དང་པོའི་རྗེས་དྲན་ཁང་ལ་གུས་མཇལ་བྱས་པ་དང་། ཡོན་ཅིན་ཚན་རྩལ་སྡེ་ཚོགས་ལ་རྟོ་ཞིབ་བྱས་ལ། ཡུལ་དངོས་ནས་ཁུལ་ཁོངས་ཀྱི་གྲོང་ཁྱེར་གསར་བསྒྱུར་དང་ལོ་རྒྱུས་ཀྱི་བཟོ་སྐྲུན་སྲུང་སྐྱོབ་བེད་སྤྱོད་བྱ་བར་རྒྱུས་ལོན་གསལ་བོ་བྱས།

ཧྲང་ཧེ་གྲོང་ཁྱེར་གྱི་འགོ་ཁྲིད་པ་ཀྲའོ་ཅ་མིན་དང་ཀྲང་ཝེ། ཙུང་མིན། ཀྲང་ཞོ་ཧུང་། ལིའུ་ཏའོ། ལིས་ཀྲིན། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།