ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་གླེང་མོལ་མཛད་སྐབས་གསུང་བཤད་གལ་ཆེན་གནང་།
2023.06.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་བར་དུ་ཐུན་མོང་གླེང་མོལ་གནང་བ་དང་གསུང་བཤད་གལ་ཆེན་གནང་།

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་བར་དུ་ཐུན་མོང་གླེང་མོལ་གནང་བ་དང་གསུང་བཤད་གལ་ཆེན་གནང་ནས། ཏང་དང་རྒྱལ་ཁབ་ལས་དོན་གྱི་རེ་བ་ནི་གཞོན་ནུ་ཚོར་བཅོལ་ཡོད་ཅིང་། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་ཏང་གིས་བཅོལ་བའི་ལས་འགན་ཏན་ཏིག་ངང་འཁུར་བ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བཅས་བྱས་ཏེ། ན་གཞོན་མི་རབས་ཀྱིས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་ཡག་པོ་བྱས་ནས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་གྱི་ཆེད་དུ་འབད་འཐབ་གང་ལེགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཐུན་མོང་གླེང་མོལ་ཁྲོད་ཞུགས།

ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་གི་ན་གཞོན་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་འཕོ་འགྱུར་གཏིང་ཟབ་བྱུང་ནས། ཏང་གིས་གུང་གཞོན་ཚོགས་པ་དང་ན་གཞོན་ལས་དོན་ལ་མགོ་ཁྲིད་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་བར་བརྟེན། སྡེ་ཚོགས་ཀྱི་རང་གནས་གཞི་རྩ་དང་ཆབ་སྲིད་ཀྱི་བླ་སྲོག་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་། གུང་གཞོན་སྡེ་ཚོགས་ལས་དོན་གྱི་ཁ་ཕྱོགས་དང་ལས་འགན་སྔར་ལས་ཁ་གསལ་བྱུང་བ། སྡེ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་སྔར་ལས་མངོན་གསལ་ཅན་དུ་ཕྱིན་པ། གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པའི་བསམ་བློའི་སྤྱོད་ཚུལ་དང་ལས་ཀའི་སྤྱོད་ཚུལ། འཚོ་བའི་སྤྱོད་ཚུལ་བཅས་སྔར་ལས་བདེ་ཐང་དང་ཡར་རྒྱས་བྱུང་ནས། རྒྱ་ཆེའི་ན་གཞོན་ཚོགས་པའི་ཁྲོད་ཀྱི་སྣང་བརྙན་སྔར་ལས་གསར་རྐྱང་ཅན་དུ་གྱུར། འདས་ཟིན་པའི་ལོ་ལྔ་ཡི་རིང་ལ། གུང་གཞོན་ཚོགས་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་སོགས་ཀྱི་ལས་དོན་གལ་ཆེན་དཀྱིལ་སྙིང་དུ་བཟུང་ནས།  རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་ན་གཞོན་རྣམས་རྩ་འཛུགས་བྱས་ཏེ། ལས་དོན་ཁྲོད་འབད་པས་ཞུགས་པ་དང་ལས་འགན་ལྕི་པོ་འཁུར་ཕོད་པར་བྱས་པ། ཀུན་གྱི་སྔོན་ལ་གདོང་མཆོང་བཅས་བྱས་པའི་དབང་གིས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་ཚོའི་བློ་སྟོབས་དང་འགན་འཁྲི་མཚོན་པར་བྱས་ཡོད་ཅིང་། ཏང་ཀྲུང་དབྱང་གིས་གུང་གཞོན་ཚོགས་པ་དང་རྒྱ་ཆེའི་ན་གཞོན་རྣམས་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་ལ་རེ་བ་ཆེན་པོ་བཅངས་ཡོད། ཁྱོད་ཚོས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གུང་གཞོན་ཚོགས་པའི་ལས་དོན་དང་ན་གཞོན་ལས་དོན་ལ་འཕེལ་རྒྱས་གསར་པ་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཏང་གི་ལྟེ་བའི་ལས་འགན་དེ་ཀྲུང་གོའི་ན་གཞོན་ལས་འགུལ་དང་ན་གཞོན་ལས་དོན་གྱི་བརྗོད་དོན་དང་ཁ་ཕྱོགས་སུ་བརྩི་དགོས་པ་དེ་ནི། ལོ་ངོ་བརྒྱ་ལྷག་ཙམ་རིང་གི་ཀྲུང་གོའི་ན་གཞོན་ལས་འགུལ་དང་ན་གཞོན་ལས་དོན་གྱི་གཞི་རྩའི་ཉམས་མྱོང་ཞིག་ཡིན། གུང་གཞོན་ཚོགས་པ་ནི་ཏང་གི་ལས་རོགས་དང་གྲ་སྒྲིག་དམག་ཡིན་པའི་ངོས་ནས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་བྱས་པའི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ལས་དོན་སྤེལ་ནས། ཁ་ཕྱོགས་ལ་སྟངས་འཛིན་གང་ལེགས་བྱེད་པ་དང་འབད་འབུངས་ཡར་བརྩོན་བྱེད་དགོས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་དམིགས་འབེན་རླབས་ཆེན་མངོན་འགྱུར་ཡོང་བར་བྱེད་པ་ལ་ཅིས་ཀྱང་། རྒྱ་ཆེ་བའི་ན་གཞོན་ཚུད་པའི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་མུ་མཐུད་དཀའ་ངལ་ཁྱད་སེལ་དང་མཁྲེགས་གཏོར་དཀའ་སེལ་བྱེད་དགོས། གུང་གཞོན་ཚོགས་པས་དུས་རབས་གསར་པའི་ན་གཞོན་ལས་དོན་གྱི་བརྗོད་དོན་སྔར་ལས་ཇེ་བརྟན་དུ་བཏང་ནས། ཁྱབ་རྒྱ་ཆེ་བའི་སྒོ་ནས་ན་གཞོན་མཐུན་སྒྲིལ་དང་རྩ་འཛུགས། སྐུལ་སློང་བཅས་བྱས་ཏེ། རྒྱ་ཆེའི་ན་གཞོན་ཚོའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལས་དོན་ཁྲོད་དུ་རང་ཉིད་ཡོད་སྙམ་པའི་ལང་ཚོའི་ངར་སེམས་འཕེལ་བར་བྱས་ནས། རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཁྲོད་དུ་གདོང་ལེན་རུ་ཁག་དང་འཕྲལ་རྒོལ་རུ་ཁག་བྱེད་ཕོད་པར་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རྒྱ་ཆེའི་ན་གཞོན་རྣམས་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ན་གཞོན་ཚོར་ཕུགས་བསམ་ཡོད་པ་དང་འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཐུབ་པ་བཅས་བྱུང་བ་ཡིན་ན། གཞི་ནས་ཀྲུང་གོའི་ན་གཞོན་ཚོར་སྟོབས་ཤུགས་རྫོགས་ཐུབ་པ་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་འགྲོ་བར་རེ་བས་བརྟས་ཐུབ། རྒྱ་ཆེའི་ན་གཞོན་རྣམས་ལ་ཕུགས་བསམ་དད་སེམས་སྐོར་གྱི་སློབ་གསོ་གཏོང་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ན་གཞོན་རྣམས་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་རྒྱང་རིང་བོ་འཛུགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་སྔར་ལས་ཇེ་བརྟན་དུ་གཏོང་བ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆབ་སྲིད་ཀྱི་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་ནས་ཡང་དག་པའི་མི་ཚེའི་དམིགས་ཡུལ་གཏན་འཁེལ་བཅས་བྱས་ཏེ། མི་ཚེ་གང་བོར་འབད་འཐབ་བྱེད་ཆེད་རྨང་རྡོ་བརྟན་པོ་འདིང་དགོས། གུང་གཞོན་ཚོགས་པས་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་ན་གཞོན་གྱི་ཆབ་སྲིད་སྣེ་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་གང་ལེགས་བྱས་ཏེ། ཏང་ལ་བདེ་ཐང་དང་གསོན་ཤུགས་ལྡན་པའི་འཚོ་བཅུད་གསར་པ་ཟམ་མི་ཆད་པར་བསྐྲུན་དགོས། རྒྱ་ཆེའི་གུང་གཞོན་ཚོགས་པ་དང་ན་གཞོན་ཚོར་ཁ་ཕྱོགས་པའི་བརྗོད་དོན་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས། གུང་གཞོན་ཚོགས་པའི་ཚོགས་མི་དང་ན་གཞོན་ཚོར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དེར་གོ་བ་ཡང་དག་ལེན་པའི་ཐད་ནས་ཁྲིད་སྟོན་གང་ལེགས་བྱས་ཏེ། ཚན་རིག་དང་མཐུན་པའི་དགོངས་པ་དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་སྟངས་འཛིན་ཡང་དག་བྱེད་དགོས་པར་མ་ཟད། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་སྤྱད་དེ་གནད་དོན་ལ་དབྱེ་ཞིབ་བྱེད་མཁས་པོ་བྱས་ནས། ཏང་གི་རྩ་བའི་གཞུང་ལུགས་དང་རྩ་བའི་ལམ་ཕྱོགས། རྩ་བའི་ཇུས་གཞི་བཅས་ལ་གོ་བ་ལེན་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པས་ལྟེ་བའི་ལས་དོན་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ལས་འགན་གལ་ཆེན་ལ་རང་རྟོགས་སྒོས་འབྲེལ་མཐུད་བྱེད་པ་དང་། རྒྱ་ཆེའི་ན་གཞོན་རྩ་འཛུགས་དང་སྐུལ་སློང་བྱས་ནས། རང་སོ་སོའི་ལས་གནས་དངོས་ཀྱི་སྟེང་ནས་རྐང་ཚུགས་པར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་པ་བཅས་བྱས་ནས། ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་ལས་དོན་ཁྲོད་དུ་རུ་སྣེ་འདྲེན་མཁན་དུ་འགྱུར་བར་བརྩོན་ལེན་བྱས་ཏེ། ལང་ཚོའི་གསོན་ཤུགས་མངོན་གང་ཐུབ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དང་བསྟུན་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གྲི་དངོ་ནང་དུ་བསྐོར་ཐུབ་པར་བྱེད་པ། ཚོགས་པའི་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་དོ་དམ་ནན་མོ་དང་བཅོས་སྐྱོང་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་བགྲོད་ལམ་སྟེང་ཡག་པོ་སྐྱོད་པ་བཅས་བྱས་ཏེ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་རྒྱུན་འཁྱོངས་དང་ཆེ་རུ་གཏོང་དགོས་པ་དང་། ཚོགས་པ་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ། ཞབས་ཞུའི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ཁྲིད་ཕྱོགས་མངོན་གསལ་ཅན་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ན་གཞོན་མང་ཚོགས་ཀྱི་ལས་ཀའི་ནུས་པ་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཚོགས་པ་ལས་བྱེད་པས་ཏང་གི་ཆེད་དུ་ན་གཞོན་ལས་དོན་སྒྲུབ་པའི་གོ་སྐབས་རྩ་ཆེན་ལ་ལ་གཅེས་སྤྲས་བྱས་ཏེ། ཆབ་སྲིད་ཀྱི་ནུས་པ་དང་གཞུང་ལུགས་ཀྱི་བྱང་ཚད། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། བློ་གཅིག་སེམས་གཅིག་གིས་རང་འགན་ཡག་པོ་སྒྲུབ་པ་དང་། དོན་དངོས་དང་མཐུན་པའི་བྱས་རྗེས་ལ་བརྟེན་ནས་ཏང་གིས་ཡིད་ཆེས་བྱེད་པ་དང་སྤྱི་ཚོགས་ཀྱི་བརྩི་འཇོག་བྱེད་པ། ན་གཞོན་ཀྱི་ཁས་ལེན་ཐོབ་པ་བཅས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མཇུག་ཏུ་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཏང་གིས་ན་གཞོན་ལས་དོན་ལ་དོ་དམ་བྱེད་པའི་ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གུང་གཞོན་ཚོགས་པའི་ལས་དོན་ལ་མགོ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་པ་དང་། ཏང་གི་མགོ་ཁྲིད་འོག་ཏུ། སྡེ་ཁག་སོ་སོས་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་ན་གཞོན་འཕེལ་རྒྱས་ལས་དོན་གྱི་ལས་ཀའི་རྣམ་པ་བསྐྲུན་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། གུང་གཞོན་ཚོགས་པས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་རང་ཉིད་ན་གཞོན་རྣམས་ཀྱི་བློ་གཏད་ཆོག་པའི་གྲོགས་པོ་དང་ན་གཞོན་མང་ཚོགས་ཀྱི་ལམ་སྟོན་པ་ཞིག་ཏུ་འགྱུར་བར་འབད་དགོས་ཞེས་གསུངས།

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་བར་དུ་ཐུན་མོང་གླེང་མོལ་གནང་བ་དང་གསུང་བཤད་གལ་ཆེན་གནང་།

ཚོགས་ཐོག་ནས་གུང་གཞོན་ཚོགས་པ་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཨ་ཏུང་གིས་གུང་གཞོན་ཚོགས་པ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པའི་གནས་ཚུལ་དང་དེ་བཞིན་ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ་བ་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཞུས་ཞའོ་དང་ཝང་དབྱི། ཧུའུ་པའེ་ཅིན། ཧུའུ་ཧྲིན། ཞ་ཕ་ཁི་ཐིས·ཝུའུ་ཧྲིག་ཨར། ཡུས་ཅིན་བཅས་ཀྱིས་གཏམ་བཤད།

ཧྲི་ཐའེ་ཧྥུན་དང་ལིས་ཀན་ཅེ། ལིས་ཧྲུའུ་ལེ། ཁྲེན་ཝུན་ཆིན། ལིག་ཅིན་གོ ཝང་ཞའོ་ཧུང་བཅས་གླེང་མོལ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།