ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི2023ལོའི་ཁུར་པན་ཇ་སྟོན་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་མཱ་ཧྥིན་ཧྲིན། མཱ་ཡུའེ་ཞང་། བློ་མཐུན་རྒན་པ་ཀྲང་ཡུས་ལིན་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ཧོས་རིགས་དང་ཟ་ལར་རིགས་སོགས་ཀྱི་འཐུས་ཚབ་ལྷན་དུ་འཛོམས་ནས་དུས་ཆེན་ལ་རོལ།
ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་འཐུས་ཚབ་ཀྱིས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་སྤུན་ཟླར་དུས་ཆེན་གྱི་སྨོན་འདུན་ཞུས། ཁོ་ཚོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཡང་དག་འོག ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ལ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས། ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལས་རིགས་སོགས་གྲངས་ཉུང་མི་རིགས་སྤུན་ཟླས་ཁ་བྲལ་ཐབས་མེད་པ་གསུམ་དང་ངོས་ལེན་ལྔའི་བསམ་བློ་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་མཉམ་དུ། བློ་གཅིག་སེམས་གཅིག་དང་འབད་འཐབ་མདུན་སྐྱོད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་བཞག རེ་བ་ཡིན་ན་ཞིང་ཆེན་ཡོངས་ཀྱི་ཧོས་རིགས་དང་ཟ་ལར་རིགས་སོགས་གྲངས་ཉུང་མི་རིགས་སྤུན་ཟླས་སྔ་འཛིན་ཕྱི་གཏོད་དང་མུ་མཐུད་འབད་འཐབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། གཏན་ཕབ་གཉིས་བརྩི་མཐོང་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པ། རིགས་སོ་སོའི་མང་ཚོགས་དང་འགྲིག་མཐུན་བྱེད་པ་དང་སོ་སྲུང་རོགས་རེས་བྱེད་པ། མཐུན་སྒྲིལ་འབད་བརྩོན་དང་གསར་སྤེལ་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་གཞི་གཅིག་དང་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་དགོས།
ཇ་སྟོན་ཚོགས་འདུའི་སྟེང་རིག་རྩལ་བྱ་བ་སྒྲུབ་མཁན་ཚོས་རིག་རྩལ་ལེ་ཚན་གྱ་ནོམ་པ་འཁྲབ་སྟོན་བྱས།
རིན་ཆེན་མཚོས་བསྒྱུར།