ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་སྟེང་མིང་རྟགས་བཀོད།
2023.06.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་པ་དང་བདུན་པའི་སྟེང་མིང་རྟགས་བཀོད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་པ་ལས་བསྟན་དོན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གེགས་མེད་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བཅའ་ཁྲིམས》ལ2023ལོའི་ཟླ6པའི་ཚེས28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་བསྒྲགས་འདི་སྤེལ་བ་ཡིན་ལ། 2023ལོའི་ཟླ9བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་པ་ལས་བསྟན་དོན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་སྐོར་གྱི་བཅའ་ཁྲིམས》ལ2023ལོའི་ཟླ6པའི་ཚེས28ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན་ལ། 2023ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

ཤ་བོ་གསེར་མཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།