སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཇུག་བསྡུའི་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། བཀག་རྒྱ་མེད་པའི་ཁོར་ཡུག་གི་འཛུགས་སྐྲུན་བཅའ་ཁྲིམས་དང་ཕྱི་ཕྱོགས་འབྲེལ་བའི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་འཛུགས་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལྟར་ན་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོར་གཏན་འཁེལ་བྱེད་རྒྱུ་རེད།
གྲོས་ཚོགས་ནས་སོ་སོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་མང་བོའི་སྦྲགས་སྲིད་མནའ་འབྲེལ་རྩ་འཛུགས་བཅའ་ཁྲིམས་ཀྱི་ཟུར་སྣོན་གྲོས་ཆོད་ཡི་གེ་ཨང་དགུ་བར་ཆོག་མཆན་འགོད་པའི་གྲོས་ཆོད་དང་། ཁྲིམས་འགལ་གྱིས་མཁའ་སྐྱོད་འཕྲུལ་ཆས་བཙན་ཁྲིད་བྱེད་པར་བཀག་འགོག་བྱེད་པའི་སྤྱི་ཆིངས་ཀྱི་ཁ་གསབ་གྲོས་ཆོད་ཡི་གེ་ལ་ཆོག་མཆན་འགོད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་འགོད་པའི་གྲོས་ཆོད་ལ་གྲོས་མཐུན་བཀོད་ནས། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་བཀོད།
གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། གོ་ཀྲིན་ཧྭ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བསྐོ་འཇོག་བྱས་པ་དང་། ཁོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པའི་ལས་འགན་བླངས་བ་དང་། སུང་རོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པར་བསྐོ་འཇོག་བྱས། དེ་མིན་ད་རུང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བསྐོ་འཇོག་བྱས།
གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། སྐབས་དྲུག་པའིརྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོར་ཆོག་མཆན་བཀོད།
གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། སྐབས་ལྔ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རེ་འགའ་བསྐོ་འཐེན་བྱས།
གྲོས་ཚོགས་ནས་ད་རུང་བསྐོ་འཐེན་གྱི་ནང་དོན་གཞན་པར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་འབྲེལ་ཡོད་ཀྱི་བརྡས་གཅོད་ནང་དོན་ཡོངས་འགྲུབ་བྱས་རྗེས། ཀྲའོ་ལི་ཅི་ཡིས་གསུང་བཤད་གནངས།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཐེང་འདིའི་གྲོས་ཚོགས་ནས་བདེ་བླག་ངང་སྔོན་གཏན་འཁེལ་བྱས་པའི་ལས་འགན་ཚང་མ་ཡོངས་འགྲུབ་བྱས་ཤིང་། གྲོས་ཚོགས་ནས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་ཕྱི་ཕྱོགས་འབྲེལ་བའི་བཅའ་ཁྲིམས་ནི་རང་རྒྱལ་གྱི་ཕྱི་ཕྱོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ལ་འབྲེལ་བའི་བཅའ་ཁྲིམས་ཤིག་ཡིན་པ་དང་། གྲོས་ཚོགས་ནས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་བཀག་རྒྱ་མེད་པའི་ཁོར་ཡུག་འཛུགས་སྐྲུན་གྱི་བཅའ་ཁྲིམས་དེས་རྒྱལ་ཁབ་ཀྱི་དོན་དངོས་གནས་ཚུལ་ལ་རྐང་བཙུགས་པ་དང་། དབང་བོ་སྐྱོན་ཅན་དང་ལོ་ལོན་རྒན་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད། གྲོས་ཚོགས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་འཛུགས་པའི་གྲོས་ཆོད་བཏོན་པ་དེ་སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆུ་དྭངས་རི་སྔོ་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་མི་སེམས་ལ་འབབ་པར་སྐུལ་འདེད་གཏོང་བའི་ཐད་ཕན་ཐོགས་ཡོད་ཟེར།
ཀྲའོ་ལི་ཅི་ཡིས་བསྟན་དོན། གྲོས་ཚོགས་ནས་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་སྔོན་རྩིས་སྙན་ཞུ་དང་རྩིས་བཤེར་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཏེ་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་བཀོད།
སྔར་ལས་ལྷག་པའི་སྒོ་ནས་སྔོན་རྩིས་ཀྱི་སྒྲིག་ཞུ་ཚད་ལྡན་དུ་བཏང་ནས་རྩིས་བཤེར་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆོད་དོན་བཏོན་པ་དང་། འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱེད་པ་དེ་གོ་སྐབས་སུ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཐུས་མིའི་བྱ་བའི་སྤུས་ཚད་མཐོར་འདེགས་བྱེད་དགོས་ཟེར།
ཚོགས་འདུ་གྲོལ་རྗེས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ལྔ་བ་སྤེལ་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མགོ་འཛིན་མཛད། ཧྲི་ཡའོ་པེན་གྱིས་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་རྩིས་གྲོས་ཞིབ་ལྟ་རྟོག་དང་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ལྟ་རྟོག་བྱ་བ་ཞེས་པའི་འཆད་ཁྲིད་སྤེལ།
སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།
བསོད་ནམས་ཚེ་རིང་གིས་བསྒྱུར།