ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་དྲུག་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་ལྔ་བའི་ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གསར་དུ་བསྐོ་འཇོག་བྱས་པའི་ཨུ་ཡོན་ལ་བསྐོ་གཞག་འགན་བཞེས་ཡི་གེ་སྤྲད།
གྲོལ་མ་ཐག་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བསྐོ་འཇོག་བྱས། ཁོང་ཚོ་ནི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་དང་། ཀྲུའུ་རིན་གཞོན་པ་ཧོང་ཡུས་ཧྲན། ཀྲང་ཡུང་། ཨུ་ཡོན་ཝང་ལིན་ཀུའེ།ཝང་མེན་ཧྥིན། ལིས་གོ་ཀྲང་། ལིས་ཧའོ་རན། ཁྲིན་ཏུང་། མའོ་ཧྲུའུ་ལེན། ལིའང་མེ་ཧྥིན། ཧན་ཏ་ཡོན། ཐུང་ཝེ་ཏུང་བཅས་རེད།
ཚོགས་འདུའི་སྟེང་ད་དུང་ཝང་ལིན་ཀུའེ་དང་ཧོང་ལིའུ་ཆོན་གཉིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བསྐོ་འཇོག་བྱས།
ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངའ་འོག་ཏུ་བཙུགས་པའི་ལས་དོན་ཨུ་ཡོན་ལྷན་ཁང་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཁྱོན་བསྡོམས12ཡོད་ཅིང་། དེ་ནི་ནང་ལོགས་ས་ཁུལ་དང་ཞང་ཀང་སོ་སོའི་མི་སྣ་དྲུག་གིས་གྲུབ་པ་ཡིན་ལ། འགན་ཡུན་ལོ་ལྔ་རེད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ལྔ་པའི་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགན་ཡུན་རྫོགས་ཟིན་པ་རེད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་འགན་བཞེས་ཡི་གེ་སྤྲོད་པའི་མཛད་སྒོར་འགོ་འཛིན་བྱས།
ཤ་བོ་གསེར་མཚོས་བསྒྱུར།