མཚོ་་སྔོན་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཟླ་གཉིས་ཀྱི་བཀོད་གཏོང་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དྲུག་པའི་ཚེས་ཉེར་བརྒྱུད་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་དང་ཟླ་གཉིས་ཀྱི་བཀོད་གཏོང་གྲོས་ཚོགས་བསྡུས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། གནས་པའི་འབུར་ཐོན་གནད་དོན་ལ་བཀོད་གཏོང་དང་ཐག་གཅོད་བྱས་ལ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོ་གས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་ནི་ཞིང་ཆེན་ཏང་ཨུས་བཀོད་པའི་བཀོད་སྒྲིག་གལ་ཆེན་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་སྟེང་ཧ་ཅང་མཐོང་ཆེན་བྱེད་པ་དང་། གོམས་པའི་བསམ་བློ་མེད་པར་བྱེད་པ། སྒུག་རྟེན་དགོས་ཀྱི་བསམ་བློ་ཁྱད་སེལ་བྱེད་པ། གནས་བབ་ཐད་ཀྱི་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་པ། གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་དེ་ལས་ཀ་བསྒྲུབ་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྒྲོག་བྱེད་པ། བརྟག་བཤེར་འཚམས་འདྲི་ཟབ་མོ་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། མཐུན་སྒྲིལ་འབད་འཐབ་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་དོན་ཐག་གཅོད་རྒྱུ་དེ་བྱ་བར་སྐུལ་འདེད་གཏོང་བའི་ཤུགས་ཡོད་བྱེད་ཐབས་སུ་བརྩིས་ཏེ། བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ། རི་རྩྭའི་འགལ་རྩོད་སོགས་ཀྱི་དཀའ་གནད་གནད་དོན་ཐག་གཅོད་པ་དང་། འགལ་རྩོད་ཆུང་བ་དོན་རྐྱེན་ཆེན་པོའི་འབྱུང་རྐྱེན་དུ་འགྱུར་བར་བཀག་འགོག་བྱེད་དགོས། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གྲོང་ཁྱེར་དང་ཁུལ། རྫོང་གིས་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲིའི་ཞིང་ས་དང་རང་སྐྱུར་ས་ཞིང་བརྟན་སྲུང་བྱས་ནས། འགན་འཁྲི་ལག་བསྟར་ཐད་ཀྱི་བཀག་རྐྱེན་མེད་པར་བྱེད་དགོས། སྣེ་ཁྲིད་སྡེ་ཁག་སོ་སོས་མཉམ་འབྲེལ་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གཅིག་གྱུར་བྱས་ནས་དོ་དམ་བྱེད་པ་དང་མཐུན་སྦྱོར་གཅིག་གྱུར་སྒོས་དམ་འཛིན་བྱས་ཏེ། བྱ་བའི་མཉམ་ཤུགས་གཅིག་བསྡུས་བྱེད་དགོས། ཆེད་དོན་ཚན་ཆུང་སོ་སོའི་ཚན་གཙོས་སྣེ་ཁྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། བྱ་བ་གཙོ་བོའི་ཐད་ཀྱི་བཀོད་འདོམས་དང་བཀོད་གཏོང་། མཐུན་སྦྱོར་ལ་རྒྱུན་མཐུད་ངང་ཤུགས་སྣོན་དགོས། རིམ་པ་སོ་སོའི་བདེ་འཇགས་གཞུང་སྒྲུབ་ཁང་གིས་འགོ་ཁྲིད་མི་སྣ་དང་པོའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྣེ་ཁྲིད་ཅིང་སྤྱི་ནས་འཛིན་པ་དང་གཅིག་འདོམས་སྒོས་སྤེལ་བ། ལག་བསྟར་ལ་ལྟ་ཞིབ་བྱེད་པ། དཔྱད་ཞིབ་གདེང་འཇོག་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། བཀོད་གཏོང་དཔྱད་འཇོག་དང་གཞི་རིམ་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཉེན་རྟོག་པ་བཀོད་སྒྲིག་བྱེད་པ། དྲ་རྒྱའི་གླེང་ཕྱོགས་ལ་ཁ་གཏད་འཇལ་བ་སོགས་ཀྱི་བྱ་བ་གཙོར་བཟུང་ནས་དམ་འཛིན་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ། གནད་དོན་ཐག་གཅོད་ན་བཅའ་ཁྲིམས་བཀོལ་སྤྱོད་བྱེད་པ་དང་འགལ་རྩོད་ཐག་གཅོད་ན་བཅའ་ཁྲིམས་ལ་རྒྱབ་བརྟེན་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བཀོད་སྒྲིག་སྣ་ཚོགས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་ནི་ད་ལོའི་སྤྱོད་ཚུལ་བསྒྱུར་བ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྔོན་ཐོན་བརྩོན་ལེན་བྱེད་པའི་ནང་དོན་གཙོ་བོ་དང་བྱ་བའི་ཤུགས་འདོན་ས་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བྱ་བའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འགོ་ཁྲིད་གཙོ་བོས་དངོས་སུ་འཛིན་པ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། བཀོད་སྒྲིག་བྱེད་པ་དང་རེ་བ་གསལ་བོ་འདོན་པ། ལག་བསྟར་དམ་འཛིན་བྱེད་པ་བཅས་ཟུང་འབྲེལ་བྱས་ཏེ། འགན་འཁྲི་དང་ལས་འགན། རེ་བ་གཞི་རིམ་དུ་བརྒྱུད་སྒྲོག་བྱེད་དགོས། བྱ་བའི་གཙོ་གནད་དམ་འཛིན་བྱེད་པ་དང་། མིག་སྔར་གྱི་ཆུ་རྒྱས་པའི་དུས་སྐབས་དང་གནས་སྐོར་པ་མང་བའི་དུས་སྐབས། ཐོན་སྐྱེད་བྱེད་ཚད་མཐོ་བའི་དུས་སྐབས་ཀྱི་བདེ་འཇགས་གནས་བབ་ལ་རྒྱུས་ལོན་ཡང་དག་བྱེད་པ། མི་སྣ་གཙོ་བོ་དང་ལས་རིགས་གཙོ་བོ། ཁྱབ་ཁོངས་གཙོ་བོ། ས་ཁུལ་གཙོ་བོ། ཡུལ་གནས་གཙོ་བོ་འབུར་དུ་ཐོན་པར་བྱེད་པ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། ཉེན་ཁ་སྔོན་འགོག་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཞན་ཆ་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བའི་སྟེང་ཤུགས་འདོན་དགོས། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ་དང་། ལྷག་པར་དུ་སྡེ་བ་དང་གཞིས་ཁུལ་གྱི་ཏང་ཡོན་དང་དྲ་མིག་པ། སྐྱེ་ཁམས་དོ་སྲུང་པ། སྡེ་སྡོད་བྱ་བའི་རུ་ཁག་སོགས་གཞི་རིམ་གྱི་སྟོབས་ཤུགས་འདོན་སྤེལ་བྱེད་པ། ཚན་རྩལ་གྱི་ཁྱད་སྟོབས་ཇེ་དྲག་ཏུ་གཏོང་བ། ཆ་འཕྲིན་བརྗེ་རེས་དང་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱེད་པ། དམིགས་འབེན་གསལ་བ་དང་ལས་འགན་གསལ་བ། བྱ་བ་ནན་བསྒྲུབ་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་པའི་སྐོར་གྱི་བྱེད་ཐབས་འགར་གྲོས་ཞིབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན། མཚོ་བྱང་ཁུལ། ཡུས་ཧྲུའུ་ཁུལ་བཅས་ཀྱི་བདེ་འཇགས་འཛུགས་སྐྲུན་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། སྣེ་ཁྲིད་སྡེ་ཁག་དང་གྲོང་ཁྱེར་དང་ཁུལ་གཞན་པས་ཡིག་ཐོག་སྙན་ཞུ་ཕུལ།

ཝང་ཝེ་ཏུང་དང་ཝང་དབྱང་། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། ཉི་མ་སྒྲོལ་མ། ལོའུ་ཀང་། ལིས་ཧོང་ཡ། ཐེན་ཁུའེ། ཀྲ་ཆིན་ཅིག ལིས་ཙའེ་ཡོན་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།