ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཞིབ་བསྡུར་ཚོགས་འདུ་བསྡུས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་བརྗོད་དོན་ལ་དམིགས་ཏེ་བརྗེ་རེས་ཞིབ་བསྡུར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ཏུ། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་དང་ལུའུ་ཀང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་དང་ལིས་ཞའོ་ནནབཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས་པ་དང་། ལྟེ་གནས་ཚན་ཁག་གི་ཁོངས་མི་གཞན་པས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།
ཁྲིན་ཀང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་དུ་མི་རིགས་དང་ས་ཁུལ་གཅིག་ཀྱང་ལུས་མི་རུང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཁ་ཕྱོགས་ལ་དམིགས་ནས་ཧུར་ཐག་འབད་འཐབ་བྱེད་དགོས། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོར་དང་ཟུང་འབྲེལ་དམ་པོར་བྱས་ཏེ་དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་ལེགས་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱོད་ཚུལ་མི་ལེགས་པ་སོགས་ཀྱི་གནད་དོན་དམ་འཛིན་ནན་མོ་བྱས་ཏེ་ཏང་གིས་ཏང་ལ་དོ་དམ་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་སོ་སོ་དོན་འཁྱོལ་བཟང་བོ་བྱེད་དགོས། དངོས་གཉེར་དམ་འཛིན་བྱས་ཏེ་འགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་དང་དཔུང་སྡེའི་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། ནུས་པའི་འཛུགས་སྐྲུན། སྲིད་གཙང་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ཏེ་ཞུམ་པ་མེད་པར་མཚོ་སྔོན་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་སྐབས་དང་འཁེལ་ཡོད་པས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དམ་པོར་འཁུར་བ་དང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་སུ་ལངས་ནས་མཚོ་སྔོན་ལ་ལྟ་བ། སྲུང་སྐྱོབ་དང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་གོ་གནས་གལ་ཆེན་དུ་བཞག་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བཟང་བོ་བྱེད་པ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་དེ་མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་དང་ཐོན་ཁུངས་ནུས་ཁུངས་དགེ་མཚན། ཁྱད་ལྡན་ཐོན་ལས་དགེ་མཚན་བཅས་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ་དང་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ་གྲུབ་འབྲས་བཟང་བོ་བླངས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་དགོས། ཏང་ཡོན་ལས་བྱེད་པའི་ཁག་ཁུར་འབད་འཐབ་ཀྱི་རྣམ་པ་གསར་པ་ཐོན་པར་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་ནན་མོར་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུད་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱར་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་བྱ་བར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ང་ཚོའི་མི་རབས་འདིའི་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་དགོས།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།