ཁྲིན་ཀང་གིས་བརྗོད་དོན་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས།
2023.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་བསམ་བློའི་དར་ཆ་མཐོན་པོར་བསྒྲེང་བ་དང་མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པ་བརྗོད་དོན་དུ་བྱས་ཏེ། བརྙན་རིས་ཀྱི་ལམ་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པ་སྟོང་བཞི་ལྷག་ལ་བརྗོད་དོན་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་གསོན་ཉམས་ལྡན་པ་ཞིག་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དགོངས་པ་སློབ་པ་དང་ཏང་གཤིས་སྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་གསར་བ་བསྐྲུན་པ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ། བརྗོད་དོན་སློབ་གསོས་སྐྱེད་པའི་ཡིད་ཆེས་དང་སྟོབས་ཤུགས་དེ་དྲིན་བསམ་མདུན་སྐྱོད་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་དང་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།

ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་བློ་སྦྱོང་ཅི་ལྟར་བྱེད་པ་དང་། བསམ་བློའི་དར་ཆ་མཐོན་པོར་བསྒྲེང་བ་དང་མངག་བཅོལ་མཚོ་སྔོན་ནས་བྱ་སྤྱོད་དངོས་ལ་ཅི་ལྟར་བསྒྱུར་བའི་ཐད་ནས། ཁྲིན་ཀང་གིས་རང་སྟེང་གི་སློབ་སྦྱོང་དང་བྱ་བ། རྟོག་ཞིབ་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་པ་དང་། གནད་དོན་ངོས་འཛིན་བྱེད་པ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པ། གནད་དོན་ཐག་གཅོད་པའི་བསམ་ཕྱོགས་ལ་བརྟེན་ནས། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་བྱས།

ཁྲིན་ཀང་གིས་བསྟན་དོན། དགོངས་པ་སློབ་པ་ནི་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཙོ་ཐིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློ་གཅིག་གྱུར་བྱེད་པ་དང་བློ་རྩ་གཅིག་སྒྲིལ་བྱེད་པ། འགུལ་སྐྱོད་གཅིག་གྱུར་བྱེད་པ། གཏན་ཕབ་གཉིས་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ནན་མོ་བྱེད་པའི་ཁྲོད་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་བསམ་བློའི་སྟོབས་ཤུགས་ལ་མྱོང་རྟོགས་བྱེད་པ། དུས་རབས་གསར་བའི་རླབས་ཆེན་གྱི་འགྱུར་ལྡོག་ཆེན་པོའི་ཁྲོད་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ལག་ལེན་སྟོབས་ཤུགས་ལ་མྱོང་རྟོགས་བྱེད་པ། དཔེ་ལྟའི་འདུ་ཤེས་ཇེ་མཐོར་གཏོང་བའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་གཤིས་འགུག་ཤུགས་ལ་མྱོང་རྟོགས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཅངས་པའི་བརྩི་དད་དགའ་ཞེན་དེ་ཁྲག་རྩའི་ཁྲོད་འདྲེས་པར་བྱེད་པ་དང་བློ་སྲོག་ནང་སུམ་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོངས་ཤུགས་སུ་བསྒྱུར་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཡར་ལངས་པ་དང་ཀྲུང་གོ་ཕྱུག་པོར་བསྒྱུར་བ། ཀྲུང་གོ་སྟོབས་ལྡན་དུ་བསྒྱུར་བར་སྔར་ལས་ངོས་འཛིན་གཏིང་ཟབ་བྱེད་པའི་ཁྲོད། རང་གཤིས་སྐྱེད་པ་དང་བློ་ཇེ་དཀར་དུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྣེ་ཁྲིད་དེ་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ་དང་། དེ་ནས་སྟོབས་ལྡན་དུ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་མངོན་འགྱུར་བྱེད་པ་ནི། ང་ཚོས་རང་གཤིས་སྐྱེད་པ་དང་བློ་ཇེ་དཀར་བྱེད་པའི་གཏིང་ཤུགས་ཡིན་པར་ངོས་འཛིན་ཟབ་མོ་བྱེད་དགོས། ཚད་མཐའ་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། གྲ་སྒྲིག་བཟང་བོ་བྱེད་པ། དུས་ནམ་ཡང་བྲེལ་མྱུར་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་སྲུང་འཛིན་བྱེད་པ། གནས་བབ་ཆེན་པོ་གཉིས་ཁྲོད་གོ་སྐབས་གསར་བ་འཚོལ་བ་དང་རྣམ་པ་གསར་བ་གྲུབ་པར་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཁྲིན་ཀང་གིས་བསྟན་དོན། མིག་སྔར་མཚོ་སྔོན་འཕེལ་རྒྱས་ཐད་ནས་གོ་སྐབས་དང་འགྲན་རྩོད་གསར་བ་ཐུག་པ་ཡོད་པས། ངེས་པར་དུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དམ་འཛིན་བྱེད་པ། བརྗོད་དོན་སློབ་གསོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་ཕན་ཚུན་སྐུལ་འདེད་བྱས་ནས་མཉལ་དུ་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ། མིག་སྔར་གྱི་བྱ་བའི་ལས་འགན་གཙོ་བོ་དང་ཟུང་འབྲེལ་དམ་པོར་བྱས་ཏེ། སྤུས་ཚད་མཐོ་བ་དང་ཕན་འབྲས་ལྡན་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་ཐཱན་དམའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བསྐྱོད་ན། སྐྱེ་ཁམས་ཁོར་ཡུག་བཟང་བོ་དེ་རིགས་སོ་སོའི་མང་ཚོགས་ཡོང་འཕར་ཕྱུག་བསྒྱུར་བྱེད་པའི་འཕར་སྣོན་སྣེ་རུ་འགྱུར་བར་བྱེད་པ་དང་། སྐྱེ་ཁམས་ཀྱི་དགེ་མཚན་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ། རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་བསམ་པ། ཏང་གི་རྗེས་འབྲངས་པར་སྣེ་ཁྲིད་བྱེད་དགོས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་བ་དང་། མཁར་གྲོང་དང་ས་ཁུལ། ཡོང་སྒོའི་བར་ཐག་ཇེ་ཆུང་དུ་གཏོང་བ་བརྒྱུད་དེ། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན། ཤོང་བའི་རང་བཞིན་ཇེ་དྲག་ཏུ་བཏང་ནས། མཉམ་དུ་ཕྱུག་པོར་བསྒྱུར་བ་མངོན་འགྱུར་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་བསྐྲུན་དགོས། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཚན་ཁག་རང་སྟེང་ནས་འཛིན་པ་དང་རང་སྟེང་ནས་ནན་མོ་བྱེད་པ། རང་ངོས་འཐབ་རྩོད་ཀྱི་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་རིམ་པ་གཏན་ཁེལ་གསལ་བོ་བྱེད་པ་དང་གནོན་ཤུགས་རིམ་པ་བཞིན་བརྒྱུད་འདྲེན་བྱས་ཏེ གཟབ་ནན་གྱི་དགོངས་གཞི་དང་བྱེད་ཐབས་ནན་མོ། སྣང་ཚུལ་བཟང་བོ་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་ནུས་པ་དང་བསམ་གཞིགས་ནུས་པ། ལག་ལེན་ནུས་པ་ཇེ་མཐོར་གཏོང་ན། ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བའི་གནད་འགག་ཏུ་བརྩི་བ་དང་། བསམ་གཞིགས་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཤུགས་འདོན་ས་རུ་བརྩི་བ། ལག་ལེན་གྱི་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བའི་རྐང་འཛུགས་ས་རུ་བརྩིས་ནས། རྙོག་འཛིང་གི་གནས་བབ་ལ་ཁ་གཏད་འཇལ་བ་དང་ལས་འགན་དཀའ་མོ་ཡོངས་འགྲུབ་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཚན་རིག་གི་གོ་དོན་དང་ལག་ལེན་གྱི་རེ་བར་རྒྱུས་ལོན་ཟབ་མོ་བྱེད་པ། འཐབ་རྩོད་ཀྱི་གོ་རིམ་ཁྲོད་ཀྱི་གནད་དོན་དངོས་ལ་དམིགས་ནས། གནད་དོན་དངོས་སུ་ཐག་གཅོད་པའི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། བྱེད་ཐབས་གསར་བ་ཕྱིར་འདོན་དགོས།

ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་བཅས་ཚོགས་ར་གཙོ་བོ་ནས་ཚོགས་འདུར་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཆུའུ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།

རིན་ཆེན་མཚོས་བསྒྱུར།