ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་དང་གཉིས་འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་དེ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་སྤེལ། རོལ་དབྱངས་འདུ་ཚོགས་འདི་ལེའུ་བཞི་རུ་དབྱེ་ཡོད་ཅིང་། དེས་མཉམ་གཞས་དང་རྐྱང་གཞས། གླུ་ལེན་རེས། རོལ་དབྱངས་དཀྲོལ་ལེན་སོགས་ཀྱི་རྣམ་པར་བརྟེན་ནས་རོལ་དབྱངས་བརྩམས་ཆོས་ཉེར་གསུམ་རྒྱ་ཆེའི་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བཤམས། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན། དུས་རབས་ཀྱི་མིག་དཔེ། ན་གཞོན་སློབ་མ། དྲིལ་སྒྲོག་རིག་གནས་ལས་བྱེད་པ་སོགས་དང་། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་བརྒྱད་བརྒྱ་ལྷག་གིས་ཐེངས་འདིའི་འཁྲབ་སྟོན་ལ་བལྟས།
བན་དེ་སྐྱབས་ཀྱིས་བསྒྱུར།