《ཏང་འཛུགས》དུས་དེབ་གསར་སྤེལ་དང《ཏང་འཛུགས》དུས་དེབ་ཁང་བཙུགས་ནས་ལོ་སོ་ལྔ་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས།
ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཉིན་རྒྱུན་བྱ་བའི་ལས་བགོས་འགན་འཁུར་བའི་པུའུ་ཀྲང་གཞོན་པ། རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་ཧུའུ་ཧི་ཕིང་ཚོགས་འདུར་ཞུགས་ནས་བསྟན་དོན། དུས་རབས་གསར་པའི་ཏང་གི་དུས་དེབ་ལས་དོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་ལས་དོན་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཏང་གི་ལས་དོན་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ལ་དམ་པོར་དམིགས་ཏེ། ཏང་གི་དུས་དེབ་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གི་དུས་དེབ་ཀྱི་རུས་མིང་ཏང་ཡིན་པ་དང་དད་སེམས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་བརྒྱུད་སྒྲོག་བྱེད་མཁན་གྱི་གཙོ་ཤུགས་དམག་དཔུང་ཞིག་འཁྱོངས་བར་འབད་དགོས། ལས་དོན་གྱི་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ནས། གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་སྔར་ལས་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་བ་དང་། གཞི་རིམ་དུ་ཟབ་ཞུགས་བྱས་ནས་མང་ཚོགས་ཁྲོད་རྐང་བརྟན་པོ་ཚུགས་རྒྱུ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་དམངས་སེམས་གཅིག་སྡུད་བཅས་བྱས་ནས། གཞུང་དྲང་གསར་གཏོད་དང་གསར་འབྱེད་ཡར་བརྩོན་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བརྒྱུད་སྒྲོག་གི་ནུས་པ་ཆེན་པོ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་གཙོ་རྒྱུགས་སྨྱན་བྱེད་གསར་པ་ཞིག་འབད་པས་བསྐྲུན་ནས། སྤྱོད་ཚུལ་སྦྱོང་བརྡར་རྒྱུན་འཁྱོངས་དང“ནུས་པ་བཞིར”ཤུགས་སྣོན་པ། ལག་ལེན་ནན་བསྟར། འཇོན་ཐང་དང་རིག་གནས་སྦྱོང་རྒྱུར་དགའ་བ་བཅས་ཀྱི་ལས་ཀའི་དཔུང་སྡེ་ཞིག་བསྐྲུན་དགོས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་འཁུར་བློ་མཐུན། འབྲེལ་ཡོད་ཚན་རིག་ཞིབ་འཇུག་སྡེ་ཁག་དང་མཐོ་རིམ་སློབ་ཆེན་གྱི་ཆེད་མཁས་པའི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།