ཞི་ཅིན་ཕིང་གིས་སྐབས་གསུམ་པའི་དཔལ་ཡོན་བརྗེ་རེས་དཔེར་ལེན་གྲོས་མོལ་ཚོགས་འདུ་དང་སྐབས་དང་པོའི་འཛམ་གླིང་རྒྱའི་རིག་པའི་མཁས་པའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.07.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 20

ཟླ་བདུན་པའི་ཚེས་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་གསུམ་པའི་དཔལ་ཡོན་བརྗེ་རེས་དཔེར་ལེན་གྲོས་མོལ་ཚོགས་འདུ་དང་སྐབས་དང་པོའི་འཛམ་གླིང་རྒྱའི་རིག་པའི་མཁས་པའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་རིང་མོའི་ཁྲོད། འཛམ་གླིང་གི་མི་རིགས་སོ་སོས་རང་སྟེང་གི་ཁྱད་ཆོས་དང་མཚོན་རྟགས་ཅན་ལྡན་པའི་དཔལ་ཡོན་གསར་གཏོད་བྱས་ཡོད། དཔལ་ཡོན་བར་གྱི་འདྲ་མཉམ་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་དཔེར་ལེན་བྱས་ཏེ། མིའི་རིགས་ཀྱིས་དུས་རབས་ཀྱི་དཀའ་གནད་ཐག་གཅོད་བྱེད་པ་དང་། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་བསམ་བློའི་མཛུབ་སྟོན་བྱེད་བཞིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་གི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྲོས་གཞི་དངོས་འབེབས་བྱས་ཏེ། དཔལ་ཡོན་བརྗེ་རེས་དེ་དཔལ་ཡོན་གྱི་བར་ཁྱད་ལས་བརྒལ་བར་བྱེད་པ་དང་། དཔལ་འབྱོར་དཔེར་ལེན་དེ་དཔལ་ཡོན་གྱི་འགལ་བ་ལས་བརྒལ་བར་བྱེད་ལ། དཔལ་ཡོན་བཟོད་སྒོམ་དེ་དཔལ་ཡོན་ཁྱད་སྟོབས་ལས་བརྒལ་བར་བྱས་ཏེ། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་དཔལ་ཡོན་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་སོ་སོའི་རྒྱའི་རིག་པའི་མཁས་པ་དག་ནི་ཀྲུང་གོ་དང་ཕྱི་ཕྱོགས་ཀྱི་དཔལ་ཡོན་མཉམ་འདྲེས་བྱེད་པའི་ཕོ་ཉ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་འབྲེལ་འདྲིས་དང་། རྒྱུས་ལོན་དང་མཛའ་བརྩེ། མཉམ་ལས་བཅས་ཇེ་ཟབ་ཏུ་གཏོང་བའི་ཐད་འབད་འབུངས་ཧུར་ལེན་བྱེད་དགོས་པའི་རེ་བ་བཏོན།

སྐབས་གསུམ་པའི་དཔལ་ཡོན་བརྗེ་རེས་དཔེར་ལེན་གྲོས་མོལ་ཚོགས་འདུ་དང་སྐབས་དང་པོའི་འཛམ་གླིང་རྒྱའི་རིག་པའི་མཁས་པའི་ཚོགས་ཆེན་ནི་ཀྲུང་གོའི་རྒྱལ་སྤྱིའི་བརྗེ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཚེས་གསུམ་ཉིན་པེ་ཅིང་ནས་སྤེལ་མགོ་བརྩམས། བརྗོད་སྙིང་ནི་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་དངོས་འབེབས་བྱས་ཏེ། ལག་རྡང་སྦྲེལ་ནས་དེང་རབས་ཅན་གྱི་འཆར་འགོད་གསར་བ་འབྲི་བཞེངས་བྱེད་དགོས་ཞེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།