ཟླ་བདུན་པའི་ཚེས་ལྔ་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་གནོད་སྐྱོབ་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པར་མ་ཟད། བྱ་བ་དོན་འཁྱོལ་ལག་བསྟར་བྱེད་པར་ཞིབ་འཇུག་བྱས། གྲོས་ཚོགས་སྟེང་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐའི་བསམ་ཕྱོགས་དང་མ་མཐའི་བསམ་བཞིགས་བརྟན་པོར་འཛུགས་པ། ཆུ་ལོག་ཆེན་པོ་འགོག་པ་དང་ཉེན་ཁ་ཆེན་པོ་མེད་པར་བྱེད་པ། གནོད་སྐྱོན་ཆེན་པོ་སེལ་བ་བཅས་ལ་རྐང་བཙུགས་ཏེ་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ཀྱིས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། མཉམ་གྲོས་ཞིབ་གཅོད་ཇེ་དྲག་ཏུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པ། མངོན་མེད་རྐྱེན་ངན་གྱི་ཞིབ་བཤེར་དང་བཅོས་སྐྱོང་ལ་ཤུགས་སྣོན་པ། འཕྲུལ་བསྟུན་ལས་རེས་ལས་སྲུང་ཇེ་དྲག་ཏུ་གཏོང་བ། འཕྲུལ་བསྟུན་མྱུར་སྐྱོབ་ནུས་པ་མཐོར་འདེགས་གཏོང་བ། ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་ལ་འགན་ཁུར་བ། ས་སྲུང་གི་འགན་བཟང་བོར་ཁུར་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དྲུག་པའི་སྟེང་གི་གསུང་བཤད་གལ་ཆེན། ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་ཐད་གནང་བའི་མཛུབ་སྟོན་དགོངས་དོན་བཅས་ལ་སློབ་སྦྱོང་བྱས། ད་ལྟ་སྤེལ་བའི་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཏང་གི་རིག་གཞུང་གསར་བཏོད་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རིག་གཞུང་མ་ལག་ལ་སློབ་སྦྱོང་དང་རྒྱུས་ལོན་བཟང་བོ་བྱས་ནས་རང་རྟོགས་སྒོས་ཏང་གི་གསར་གཏོད་རིག་གཞུང་གི་འགྱུར་བ་མེད་པའི་དད་མོས་མཁན་དང་ལྷག་བསམ་དཀར་བོའི་ལག་ལེན་མཁན་བྱེད་དགོས། ཞུང་ཨན་ཁུལ་གསར་གྱི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་སོགས་ཁྱབ་ཁོངས་ཀྱི་གསར་བཏོད་བྱེད་ཐབས་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་སྐུལ་འདེད་ནན་མོ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་། མངོན་པར་གསལ་བའི་རིགས་པའི་གཞུང་ལུགས་ཀྱི་ཐོག་མའི་གསར་རྩོམ་རང་བཞིན་དང་སྟོབས་དང་ལྡན་པའི་ལག་ལེན་གྱི་ཁྲིད་སྟོན་བྱེད་ནུས། མ་ལག་གི་བརྟག་ཐབས་སྨྲ་བ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ནན་མོ་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཀྲུང་དབྱང་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་སེམས་ཤུགས་གཅིག་སྒྲིལ་ངང་བློ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་ཐད་བཏོན་པའི་བླང་བྱ་ཆེས་གསར་པར་དུས་ཐོག་ཏུ་རྗེས་འདེད་སློབ་སྦྱོང་བྱས་ཏེ་ཟབ་བསྒྱུར་དང་སྒྱུར་བཅོས་སྟེང་ཤུགས་འདོན་དགོས། བརྟག་དཔྱད་ཞིབ་འཇུག་ནན་མོར་སྤེལ་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བ་དང་དཀའ་གནད་ཐག་གཅོད་པའི་ཕན་འབྲས་དངོས་སུ་བསྒྱུར་དགོས། གནད་དོན་ལ་ལྟ་ཞིབ་དང་དག་ཐེར་བཅོས་སྐྱོང་ནན་མོ་བྱས་ཏེ་གནད་དོན་དངོས་ཐག་གཅོད་པ་དང་གནད་དོན་ཐག་གཅོད་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚན་ཁག་གི་སྤྱོད་ཚུལ་འཛུགས་སྐྲུན་སོགས་སྐོར་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་བཏོན་ཏེ་འགྱུར་མེད་ནུས་ཡོད་ཀྱི་ལག་བསྟར་མཁན་དང་ལག་བསྟར་ནན་མོ་བྱེད་པའི་འགུལ་སྐྱོད་པ། ལས་ལ་བརྩོན་ཞིང་འཇོན་ནུས་ལྡན་པའི་དངོས་སྒྲུབ་པ་བཅས་བྱེད་དགོས། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་ལ་དམིགས་ཏེ་སློབ་སྦྱོང་དང་གྲོས་བསྡུར་བྱས། གྲོས་ཚོགས་སྟེང་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་དགེ་མཚན་ལ་རྐང་བཙུགས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།