ཟླ་བདུན་པའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་ཡེ་ལོན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀ་ཡང་དག་པའི་ངང་མཉམ་གནས་བྱེད་ཐུབ་མིན་ནི། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བའི་གནད་དོན་ཞིག་ཡིན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏིན་བར་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་དུ་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་བྱ་རྒྱུ་ནི་རྒྱལ་ཁབ་དང་རྒྱལ་ཁབ་མཉམ་གནས་བྱེད་པའི་གཞི་རྩའི་ཐབས་ལམ་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཚུལ་མཐུན་དངོས་གཉེར་གྱི་རྣམ་འགྱུར་བཟུང་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གང་མགྱོགས་ངང་རྒྱུན་ལྡན་གྱི་ལམ་སྲོལ་སྟེང་བསྐྱར་དུ་ལོག་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀའི་དགོས་མཁོ་དངོས་མཐུན་ལ་གདམ་ག་ཡང་དག་པའང་ཡིན། ཕྱོགས་གཉིས་ཀས་ལྷག་བསམ་ཟོལ་མེད་ངང་བརྗེ་རེས་བྱས་པ་བརྒྱུད། ཕྱོགས་གཉིས་ཀའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ངོས་འཛིན་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བར་བརྟན་པོའི་རང་བཞིན་དང་དྲང་ནུས་སྣོན་དགོས་ཞེས་གསུངས།
ཡེ་ལོན་གྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས“འབྲེལ་ཐག་གཅོད་ཐབས”འཚོལ་ཞིབ་མི་བྱེད་པར། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་པ་ལིས་གླིང་ཕྲན་དུ་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱས་ནས། འབྲེལ་གཏུག་ལ་ཤུགས་བསྣན་ཏེ། མི་མཐུན་པ་རྐྱེན་བྱས་ཏེ་གོ་ནོར་མི་ཐེབས་པར་བྱེད་པ་དང་། སྤྱི་ཁོག་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་ཐད་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གཉིས་ཕན་གཉིས་རྒྱལ་ཡོང་རྒྱུར་འཚོལ་ཞིབ་བྱེད་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།