རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཀོད་དེ། སྒེར་བསྡུས་དངུལ་གཏོང་ཐེབས་རྩའི་ལྟ་རྟོག་དོ་དམ་སྲོལ་ཡིག་ཁྱབ་བསྒྲགས་བྱས་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
སྲོལ་ཡིག་དེར་བསྡོམས་པས་ལེའུ་བདུན་དང་དོན་ཚན་རེ་གཉིས་ཡོད། གཙོ་བོ་གཤམ་གྱི་ནང་དོན་དག་གཏན་འཁེལ་བྱས་ཡོད། གཅིག་ནས་བཀོལ་སྤྱོད་ཁྱབ་ཁོངས་གཏན་འཁེལ་གསལ་བོ་བྱས་པ་དང་། གཉིས་ནས་སྒེར་བསྡུས་ཐེབས་རྩའི་དོ་དམ་མི་སྣ་དང་མངགས་བཅོལ་དོ་དམ་མི་སྣའི་འོས་འགན་དང་རེ་བ་གཏན་འཁེལ་གསལ་བོ་བྱས་པ། གསུམ་ནས་མ་དངུལ་གཅིག་བསྡུས་དང་དངུལ་གཏོང་གི་འཁོར་སྐྱོད་ཚད་ལྡན་དུ་བཏང་བ། བཞི་ནས་ལས་སྐྲུན་དངུལ་གཏོང་ཐེབས་རྩའི་མ་དངུལ་ལ་དམིགས་བསལ་གྱི་གཏན་འཁེལ་བྱས་པ། ལྔ་ནས་ལྟ་རྟོག་དོ་དམ་དང་བཅའ་ཁྲིམས་འགན་འཁྲི་ཇེ་དྲག་ཏུ་བཏང་ཡོད་ལ། དེ་ལས་གཞན་སྲོལ་ཡིག་དེ་དང་འགལ་བའི་བཅའ་ཁྲིམས་འགན་འཁྲིའི་ཐད་གཏན་འཁེལ་གསལ་བོ་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།