ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།
2023.07.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བདུན་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལས་སྒྲུབ་ལས་གཉེར་གྱི་ངར་སེམས་ཆེར་བསྐྱེད་པ། ལག་བསྟར་དམ་འཛིན་བྱེད་པའི་རྣམ་པ་གསར་པ་གྲུབ་པར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་བའི་ཡོང་སྒོ་ཇེ་མཐོར་གཏོང་བ་དང་ཕྱུག་པོར་བསྒྱུར་བའི་ལམ་བུ་རྒྱ་བསྐྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་དགོས།

མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཆིན་ཧྲི་ཙུའེ་གྲོང་རྡལ་ཧུང་ཧྲན་ཙུའེ་སྡེ་བ་དང་ཧེ་ཧྲི་ཐི་སྡེ་བ། དབྱིན་ཐེན་ཡུལ་ཚོ་ཙོང་ལུང་སྡེ་བ། མཱ་ལེན་ཡུལ་ཚོ་པའེ་ཡ་ཀི་སྡེ་བ། མིན་ཡོན་རྫོང་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་ར་བ་བཅས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ས་འགུལ་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་དང་མང་ཚོགས་ཀྱི་ཡོང་འཕར་ཕྱུག་སྒྱུར། ཡུལ་གཞན་གནས་སྤོར་གཅིག་བསྡུས་བཀོད་སྒྲིག་དང་གྲོང་གསེབ་སྦྲེལ་མཐུད་མ་དངུལ་ལས་གཞི་འཛུགས་སྐྲུན། གྲོང་གསེབ་དར་སྤེལ་ཐོན་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཁྱིམ་ཚང་དུ་སོང་ནས་མང་ཚོགས་ལ་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་སྤྱད་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། ཐོན་ལས་རོགས་སྐྱོར་གྱི་སྲིད་ཇུས་ལག་བསྟར་ནན་མོ་བྱེད་པ། ཁྱད་ལྡན་ཐོན་ཁུངས་ཀྱི་དགེ་མཚན་སྔོག་འདོན་ཟབ་མོ་བྱེད་པ། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་གོང་དུ་སྤེལ་བ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྦྲང་ཆར་འཆར་གཞི་དང་ཟུང་འབྲེལ་བྱས་པའི་ལས་ཞུགས་སྐུལ་སྤེལ་འགུལ་སྐྱོད་ལག་བསྟར་བཟང་བོ་བྱས་ནས། ཡོང་འཕར་ཕྱུག་སྒྱུར་གྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་སྒོས་ཇེ་ཆེར་གཏོང་དགོས།

ཁུལ་དང་རྫོང་གི་ཏང་ཨུ་དང་སྲིད་གཞུང་། གྲོང་གསེབ་དར་སྤེལ་ཅུའུ་དང་མིན་ཡོན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་ཞུགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། དམིགས་ཚད་དང་རེའུ་མིག་ཚད་གཞིར་འཛིན་པ་དང་། བྱ་བའི་རྨང་གཞི་ཇེ་བརྟན་དུ་བཏང་ནས། གཞི་རྩའི་ཚད་གྲངས་ཡང་དག་པ་དང་སྲིད་ཇུས་རྒྱུས་ལོན་ཡང་དག་པར་བྱེད་པ། གནད་དོན་ལ་གྲལ་བཤེར་ཡང་དག་བྱེད་པ། བྱ་བའི་བྱེད་ཐབས་ཡང་དག་སྤྱོད་པ་བཅས་བྱེད་དགོས། གཙོ་གནད་དང་དཀའ་གནད་གཙིགས་སུ་འཛིན་པ་དང་། བྱེད་ཐབས་ཕན་པ་ལྡན་པ་དང་གནད་ལ་འཁེལ་བའི་སྒོ་ནས་བཀོལ་སྤྱོད་བྱེད་པ། མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་བ། ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་བཟང་བོ་བྱེད་པ། འགན་སྲུང་གསུམ་དང་བཏུང་ཆུའི་བདེ་འཇགས་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་དར་སྤེལ་གཏོང་བ། ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ། མ་དངུལ་དང་ལས་གཞིའི་དོ་དམ་ཚད་ལྡན་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་ཐད་ནས་མདུན་དུ་བསྐྱོད་པ་དང་དཔེ་སྟོན་བྱེད་པ་དང་། དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བཀོད་གཏོང་ནན་མོ་བྱེད་པ། ཞོད་འགོག་གནོད་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གཞིའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

ཚེ་རིང་ཐར་གྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།