ཟླ་བདུན་པའི་ཚེས་བཅུ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་དང་གྲོས་མོལ་མཛད་པར་མ་ཟད། མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པར་མགོ་འཛིན་མཛད།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་བཅུ་ཉིན་པེ་ཅིང་དུ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་དང་གྲོས་མོལ་མཛད་པར་མ་ཟད། མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པར་མགོ་འཛིན་མཛད།
ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ནས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ནས། ནམ་ཡང་ཡང་དག་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་སྲུང་འཛིན་བྱས་ཡོད། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་ཕན་ཚུན་མཉམ་ལས་ཀྱི་གྲོགས་པོ་བཟང་བོར་བརྩི་བཞིན་ཡོད་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བའི་གནད་དོན་སྟེང་ནས་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨུ་རུ་སིའི་དངོས་གཉེར་མཉམ་ལས་ཐད་ནས་བརྟན་འཇགས་ཀྱི་འཕེལ་རྒྱས་སྲུང་འཛིན་བྱས་ཡོད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་བྱེད་རྒྱུ་དེ་ལས་འགན་གཙོ་བོར་བརྩི་བ་དང་། རང་སྟེང་གི་འགན་ནུས་འགན་འཁྲི་ལ་རྐང་འཛུགས་པ། བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོའི་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་འདོད་ཡོད། ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་བཙུགས་པའི་ལོ་ངོ་བཅོ་བརྒྱད་རིང་དང་ལྷག་པར་དུ་བསྐྱར་འཛུགས་བྱས་པའི་ལོ་དགུའི་རིང་ལ། གྲོས་མོལ་མཉམ་ལས་སྤེལ་ནས། གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཕྱོགས་གཉིས་ཀྱིས་དུས་བཀག་ལྟར་བརྗེ་རེས་བྱེད་པའི་རྐྱེན་སྲོལ་སྟེགས་བུ་དེའི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། རྐྱེན་སྲོལ་ཅན་དང་རྒྱུན་རྣམ་ཅན་གྱི་བརྗེ་རེས་གོ་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་ན་གཞོན་བར་མཛའ་བརྩེའི་འགྲོ་འོང་སྔར་ལས་མང་པོ་སྤེལ་བ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བ། རྒྱལ་སྲིད་སྐྱོང་བའི་ཐད་ཀྱི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་ཤུགས་བསྣན་ནས། ས་གནས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་སྲ་བརྟན་དང་རྒྱ་བསྐྱེད་པར་སྐུལ་སློང་གཏོང་དགོས། ཕྱི་འབྲེལ་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་མཉམ་ལས་ལ་ཤུགས་སྣོན་པ་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་དགོས་མཁོ་དངོས་ལ་འཚམ་པའི་ཕྱི་འབྲེལ་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་གྲུབ་པར་སྐུལ་འདེད་གཏོང་དགོས། ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་རྒྱལ་ཁབ་གྱི་གྲོས་དཔོན་གྲོས་ཚོགས་སོགས་ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས།
མཱ་ཐི་ཝེ་ཡན་ཁི་ཡིས་བསྟན་དོན། ད་ལོའི་ཟླ་གསུམ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སི་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་མཛད་པ་དང་། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་འཆར་གཞི་བཀོད། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ས་གནས། ན་གཞོན། ཁྲིམས་སྐྱོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་འདོད་ཡོད།
ཝང་ཏུང་མེན་གྲོས་མོལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།