ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་གྱི་རྩིས་བཤེར་བྱ་བ་བཟང་བོར་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་རུ་བརྩིས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་། ཏང་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་ཁྲོད་རྩིས་བཤེར་གྱི་ཁག་ཁུར་མངོན་པར་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་དུས་རབས་གསར་པའི་རྩིས་བཤེར་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གྲོས་གཞིའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2022ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་འགྲོ་གྲོན་གཞན་པའི་གནས་ཚུལ་གྱི་རྩིས་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་ལ། ཀྲུང་དབྱང་གི་རྩིས་བཤེར་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ཉན།
ཚོགས་ཐོག་ནས་བསྟན་དོན། ཆབ་སྲིད་གླེང་རྒྱུ་དེ་རྩིས་བཤེར་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རྩིས་བཤེར་བྱ་བའི་ཐད་བཀོད་པའི་ཆོད་དོན་གལ་ཆེན་དང་བཏོན་པའི་རེ་བ་སྔར་ལས་མཐོན་པོ། བསྩལ་བའི་གཟི་བརྗིད་འགན་འཁྲི་བཅས་ལ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ། རྩིས་བཤེར་ལྟ་སྐུལ་གྱི་སྔོན་དུས་ཀྱི་བྱ་བ་བཟང་བོར་སྒྲུབ་པ་དང་རྩིས་བཤེར་དག་ཐེར་གྱི་རྗེས་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་གཅིག་འདོམས་བྱེད་པ། བཀོད་འདོམས་བཟང་བོ་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོང་བར་བྱེད་པ། མིང་དུ་གྲགས་པར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ལ་བརྟེན་ནས་རྩིས་བཤེར་གྱི་ཁ་ཕྱོགས་དང་ལམ་བུ་ལེགས་སྒྲིག་བྱེད་པ། ཆབ་སྲིད་ཀྱི་མིག་རྒྱར་བརྟེན་ནས་རྩིས་བཤེར་ཐད་ནས་རྙེད་པའི་དཔལ་འབྱོར་སྤྱི་ཚོགས་ཀྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱས་ཏེ། རྩིས་བཤེར་ནན་མོ་བྱེད་པའི་རེ་བ་ཇེ་དྲག་ཏུ་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་བྱ་བ་གཙིགས་སུ་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བརྟན་འཇགས་འཕར་སྣོན་དང་ལས་ཞུགས་བརྟན་འཇགས། དངོས་གོང་བརྟན་འཇགས་གཙིགས་སུ་འཛིན་པ། དངོས་ཕུང་དཔལ་འབྱོར་དང་དམངས་ཚིས་ཀྱི་ཚད་མཐའ་གཙིགས་སུ་འཛིན་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ་གཙིགས་སུ་འཛིན་པ། དབང་ཆ་ཚད་ལྡན་ངང་བཀོལ་སྤྱོད་བྱས་ནས་རྩིས་བཤེར་བྱ་བར་ཤུགས་སྣོན་པ་གཙིགས་སུ་འཛིན་པ་བཅས་བྱེད་དགོས། ཁྲིམས་ལྟར་རྩིབ་བཤེར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྩིས་བཤེར་གྱི་རྩ་གནད་རང་བཞིན་ཇེ་དྲག་ཏུ་གཏོང་བ། ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ཇེ་དམ་དུ་གཏོང་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། ཧ་ཅང་མཐོང་ཆེན་བྱེད་པ་དང་འབུར་ཐོན་གནད་དོན་ལ་ཞིབ་བཤེར་རྩད་གཅོད་ནན་མོ་བྱེད་པ། དུས་ཐོག་ཏུ་མྱུ་གུ་རང་བཞིན་གྱི་གནད་དོན་རྙེད་པ་དང་ཆོས་ཉིད་རང་བཞིན་གྱི་གནད་དོན་སྤྱི་སྡོམ་བྱེད་པ། ཉམས་ཞན་དུས་རིམ་གྱི་ཉེན་ཁ་ཕྱིར་མངོན་པར་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྩིས་བཤེར་གྱི་རུལ་རྒོལ་རྙོག་བཅོས་དང་ནོར་སྲིད་དཔལ་འབྱོར་ཚད་ལྡན་དུ་བསྒྱུར་བའི་ཕྱོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ། མིར་ཕོག་ཐུག་གཏོང་བར་མི་སྐྲག་པ་དང་། གནས་ཚུལ་ངོ་མ་ཞིབ་བཤེར་བྱེད་ཕོད་པ་དང་དྲང་གཏམ་བཤད་ཕོད་པར་བྱེད་པ། འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ། རྩིས་བཤེར་གྱི་དབང་ཟིལ་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས།
ཚོགས་ཐོག་ནས། རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་གྱི་གནད་དོན་རྙེད་པའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས། རྩ་འཛུགས་སྡེ་ཁག་སོགས་ཀྱིས་རྩིས་བཤེར་གྱི་མཇུག་འབྲས་དང་ལྷག་པར་དུ་དག་ཐེར་མཇུག་འབྲས་ཀྱི་བཀོལ་སྤྱོད་བྱེད་ཚད་ཆེར་གཏོང་བ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་རང་འགུལ་གྱིས་གཞོགས་འདེགས་བྱས་ནས། ཁྲིམས་ལྟར་རང་རྟོགས་སྒོས་རྩིས་བཤེར་ལྟ་སྐུལ་དང་ལེན་བྱེད་དགོས། བརྗོད་དོན་སློབ་གསོ་བརྟན་བརླིང་ངང་སྤེལ་བ་དང་། སྤྱོད་ཚུལ་འབུར་ཐོན་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་ལ་ཟུང་འབྲེལ་བྱེད་པ། རྩིས་བཤེར་དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་བ། ནུས་པ་སྦྱོང་བརྡར་བྱེད་པ་བརྒྱུད་དེ་ཆེད་ལས་བྱང་ཚད་མཐོར་འདེགས་གཏོང་བ། རྩིས་བཤེར་ལྟ་སྐུལ་གྱི་རིམ་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། བློ་དཀར་དག་གཙང་དང་ཁག་ཁུར་བྱེད་ཕོད་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།
གྲོས་ཚོགས་སྔོན་དུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་ཞིང་ཆེན་རྩིས་བཤེར་ཐིན་ལ་རྟོག་ཞིབ་བྱས་ནས། དཔལ་འབྱོར་འགན་འཁྲི་རྩིས་བཤེར་ཁྲུའུ་དང་པོ་དང་ནོར་སྲིད་རྩིས་བཤེར་ཁྲུའུ། སྤྱི་ཚོགས་འགན་སྲུང་རྩིས་བཤེར་ཁྲུའུ། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་རྩིས་བཤེར་ཁྲུའུ་བཅས་ཀྱི་ལས་བྱེད་མི་སྣ་དང་བརྗེ་རེས་ཟབ་མོ་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བ་དང་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། བྱ་བའི་རེ་བ་བཏོན།
ཞིང་ཆེན་གྱི་འགོ་ཁྲིད་ཝང་དབྱང་དང་ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན། ལོས་ཀང་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།