ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་མིས་ཨེར་ཅི་ཡུའེ་ཡེ་ཧྥུའུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།
2023.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་ཉིན་ཧྲ་ཧྥུའུ་ཁ་ཐི.མིས་ཨེར་ཅི་ཡུའེ་ཡེ་ཧྥུའུ་ལ་གློག་འཕྲིན་བཏང་ནས། ཁོ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་མཉམ་དུ་སྣེ་ཁྲིད་བྱས་པའི་འོག ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བར་མཆོང་བརྒལ་རང་བཞིན་གྱི་གོང་འཕེལ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན། ངས་ངེད་གཉིས་བར་དུ་བཙུགས་པའི་བྱ་བའི་འབྲེལ་བ་བཟང་བོ་དང་མི་སྒེར་གྱི་མཛའ་བརྩེ་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད་པ་དང་། ཁྱེད་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་ངང་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་ཆེད་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད།

རིན་ཆེན་མཚོས་བསྒྱུར།