ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་དར་སྤེལ་བྱེད་པའི་བྱ་བའི་བཀོད་སྒྲིག་ལྟར། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གོ་སྐབས་དམ་འཛིན་བྱས་ཏེ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། དོན་དངོས་སྒྲུབ་ནས་དམངས་ཀྱི་དཀའ་ཁག་སེལ་བ། འཕེལ་རྒྱས་ལ་འཆར་འགོད་བྱས་པ་དང་། གནད་དོན་ལ་ཁ་ཕྱོགས་པ་དང་། དཀའ་ཁག་ལ་ཁ་ཕྱོགས་པ། དངོས་འབེབས་ལ་ཁ་ཕྱོགས་པ། ཞབས་ཞུར་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་ཀྱིས། བརྟག་དཔྱད་ཞིབ་འཇུག་བྱ་བས་ཕན་འབྲས་ངོ་མ་ལོན་པར་སྐུལ་འདེད་བཏང་།
གནད་དོན་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་བྱས་ཏེ་གནས་ཚུལ་ཤེས་རྟོགས་དང་འགག་རྩ་རྙེད་པར་བྱས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་འཕྲད་པའི་གནས་དོན་གསར་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གནས་པའི་གནད་དོན་ཟབ་མོ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་ཐད་ཀར་གནད་དོན། ཁྲོམ་རའི་ཆེས་སེམས་ཁུར་བྱེད་པའི་ཁེ་ཕན་གནད་དོན་བཅས་ལ་དམིགས་ཏེ། གནས་ཚུལ་གསལ་བོར་རྟོགས་པ་དང་གནད་དོན་གསལ་འབྱེད་བྱས། ཟས་རིགས་བདེ་འཇགས་ཐད་ཀྱི་བྱ་འགུལ་དང་། བྱིས་པ་དང་སློབ་མའི་ཉེར་སྤྱོད་དངོས་པོའི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་འགུལ་སྤེལ་ཏེ། བརྙན་འཕྲིན་དང་དྲ་ལམ་སོགས་ཀྱི་ཐབས་ལམ་བརྒྱུད། རྒྱུགས་འདྲིའི་རྟོག་ཞིབ་དང་། ངོ་འཕྲད་གླེང་མོལ། ཡུལ་དངོས་རྣམ་པའི་བསམ་འཆར་བསྡུ་ལེན་བྱེད་ས་འཛུགས་པ། དྲ་ལམ་ནས་འདེམ་ཤོག་འཕེན་པ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་ནས། འཛད་སྤྱོད་པས་ཆེས་སེམས་ཁུར་བྱེད་པའི་གནད་དོན་སྡུད་སྒྲིག་བྱས་ཏེ། འདེམ་ཤོག་མང་པོ་ཐོབ་པའི་ཐོན་རྫས་ལ་ཆེད་དོན་ལྟ་སྐུལ་དང་ཞིབ་བཤེར་བྱས།
དཀའ་གནད་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་ཀྱིས་དཔའ་ངར་ཆེར་སྐྱེད་དང་གདོང་མཆོང་བྱེད་ཕོད་པར་བྱས། མཚོ་འཕགས་མཐོ་བའི་ས་ཁུལ་དང་། འགལ་ཟླ་མང་བའི་ས་གནས། མང་ཚོགས་ཀྱི་བསམ་ཚུལ་གཅིག་བསྡུ་ཁྱབ་ཁོངས་སོགས་རྟོག་ཞིབ་བྱེད་ཡུལ་གཙོ་བོ་བྱས་ཏེ། གཞི་རིམ་གྱི་ཟབ་སར་བསྐྱོད་ནས་དཀའ་གནད་སེལ་བ་དང་། དཀའ་ངལ་གདོང་གིས་བསུས་ཏེ། སྔ་གཞུག་ཏུ་གྲོང་ཁྱེར་དང་ཁུལ་བརྒྱད་ལ་སོང་སྟེ། གྲི་ཁ་ནང་སྐོར་གྱི་སྙིང་སྟོབས་བསྐྱེད་ནས་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱས།
དངོས་འབེབས་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་ཀྱིས་ཇུས་གཞི་བཀོད་པ་དང་ཕན་འབྲས་རྒྱུན་བསྲིང་བྱས། གནད་དོན་ཐག་གཅོད་པ་གཞི་རྩའི་དམིགས་འབེན་བྱས་ཏེ། གནད་དོན་ཐག་གཅོད་པའི་བསམ་ཕྱོགས་དང་ཇུས་གཞི་གྲུབ་པར་བྱས་ལ། གནད་དོན་ཐག་གཅོད་དང་བྱ་བ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ནས་གསལ་འདེབས་བསླབ་བྱའི་ཚོགས་འདུ་ཐེངས་ལྔ་བཅུ་ལྷག་བསྡུས་པ་དང་། འགན་ཁུར་ཡི་གེ་སྟོང་ལྷག་བཀོད་ལ། དྲིལ་སྒྲོག་རྒྱུ་ཆ་སྟོང་གཉིས་ལྷག་བཀྲམས།
ཞབས་ཞུར་ཁ་ཕྱོགས་པ་རྒྱུན་འཁྱོངས་ཀྱིས་དམངས་ཀྱི་འདོད་བློར་ཉན་ནས་དཀའ་ཁག་སེལ། ཁེ་ལས་ལ་རོགས་བྱེད་པ་དང་དྲོད་ཁོལ་སྐྱེལ་བ། གྲོང་གསེབ་དར་སྤེལ། སྒེར་ཚུགས་བཟོ་ཚོང་འཕེལ་རྒྱས་བཅས་ལ་དམིགས་ཏེ། གཞི་རིམ་མང་ཚོགས་དང་། ཞབས་ཞུ་བྱེད་ཡུལ་བར་བློ་སེམས་འཁེལ་བའི་ཁ་བརྡ་བྱས་ཏེ། མང་ཚོགས་ཀྱི་སེམས་ཁུར་དང་རེ་ལྟོས་ལ་རྒྱུས་ལོན་གསལ་བོ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།