མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིས་ཟི་ལིང་ནས་མཉམ་ལས་གྲོས་མཐུན་བཀོད།
2023.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་དུ་ཟི་ལིང་ནས་མཉམ་ལས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཀི་ཧའེ་ཅའོ་དང་བཅས་པར་ཐུག་འཕྲད་བྱས་པར་མ་ཟད། གྲོས་མཐུན་བཀོད་པར་བདེན་དཔང་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ཀྲུང་གོ་དངུལ་ཁང་གི་འགོ་གཙོ་གཞོན་པ་ཀྲང་ཞའོ་ཏུང་མཇལ་འཕྲད་ལ་ཞུགས་པ་དངཕྱོགས་གཉིས་ཀྱི་ཚབ་བྱས་ནས་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་བྱ་འགུལ་ལ་ཞུགས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀི་ཧའེ་ཅའོ་དང་བཅས་པར་དགའ་བསུ་ཞུས་པར་མ་ཟད། ཀྲུང་གོ་དངུལ་ཁང་གིས་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོ་ཚོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་ཐེངས་གཉིས་གནང་ནས་མཚོ་སྔོན་གྱི་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་འཛུགས་སྐྲུན་གྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་གསལ་སྟོན་བྱས་ཡོད།  དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་དངུལ་རྩའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། ཐེངས་འདིའི་མཉམ་ལས་གྲོས་མཐུན་བཀོད་པ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་པ་དང་རྒྱ་ཆེ་བའི་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་དང་།  མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ཞབས་ཞུ་ཡག་པོ་སྒྲུབ་པ་དང་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་ཀྲུང་གོ་དངུལ་ཁང་གིས་མཚོ་སྔོན་དུ་ལས་སྒོ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཀི་ཧའེ་ཅའོ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དངུལ་ཁང་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་མཚོ་སྔོན་ནི་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་ས་ཆ་ཞིག་ཡིན་པས་ཀྲུང་གོ་དངུལ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་མཚོ་སྔོན་དང་མཉམ་དུ་བརྗོད་དོན་གཅིག་མཚུངས་དང་ནུས་པ་མཉམ་འདོན་གྱིས་དངུལ་རྩའི་ཟུར་ཚད་ནས་མཐོ་ས་བསྐྲུན་རྒྱུ་དང་གནས་བཞི་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ཀྲུང་གོ་དངུལ་ཁང་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གྲོས་མཐུན་གྱི་ནང་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་ཐོག་ནས་མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་གི་གསོན་ཉམས་དོད་པའི་གཏམ་རྒྱུད་བཤད་རྒྱུར་རོགས་རམ་བྱས་ཏེ། ཁྲོམ་རའི་གཙོ་གཞི་སྣ་ཚོགས་གདན་དྲངས་པ་དང་ཕྱིར་བསྐྱོད་རྒྱུར་རོགས་རམ་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།