ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མཚན་བཀོད་ནས་སྡེ་ཁག་གཉིས་དང་མི་སྒེར་གཉིས་ལ་བྱས་རྗེས་བཀོད།
2023.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 82

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་བཀའ་ཁྱབ་སྟེང་མཚན་བཀོད་ནས། སྡེ་ཁག་གཉིས་དང་མི་སྒེར་གཉིས་ལ་བྱས་རྗེས་བཀོད།

དེའི་ཁྲོད་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དམག་ཆས་འཕེལ་རྒྱས་པུའུ་ཡི་ལས་སྒྲུབ་ཁང་ག་གེ་མོ་དང་དགུ་གཉིས་བདུན་གསུམ་ཐིག་དམག་དཔུང་གི་ཡན་ལག་དམག་དཔུང་བདུན་ཅུ་པར་སོ་སོར་བྱས་རྗེས་རིམ་པ་དང་པོ་བཀོད་པ་དང་། སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་ཞུང་ཝེ་དང་། བཅིངས་འགྲོལ་དམག་སྤྱིའི་སྨན་ཁང་གསོ་རིག་ལྟེ་གནས་དང་པོའི་དབང་རྩའི་ཕྱི་ནད་གསོ་རིག་པུའུ་ཡི་ཀྲུའུ་རིན། སྨན་པ་འབུམ་རམས་པ། དགེ་རྒན་ཆེན་མོ་ཀྲང་ཅན་ཉིང་གཉིས་ལ་སོ་སོར་རྒྱལ་སྲུང་ཚན་རྩལ་གྱི་བྱས་རྗེས་རིམ་པ་གསུམ་པ་བཀོད།

རིན་ཆེན་མཚོས་བསྒྱུར།