བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་སྤེལ་བར་སྐུལ་འདེད་གཏོང་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་བསྡུས།
2023.07.13 ཁུངས། ཀློག་གྲངས། 21

བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་སྤེལ་བར་སྐུལ་འདེད་གཏོང་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་འདུ་ཟླ་བདུན་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་ཡིས་ཚོགས་འདུར་འགོ་འཛིན་བྱས། གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུ་ཡིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་དམ་པོར་དམིགས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བའི་རེ་བ་བཅུ་ཅན་གཅིག་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། གཞི་རིམ་གྱི་ཐོན་ཁུངས་སྟོབས་ཤུགས་མགྱོགས་མྱུར་གྱིས་བསྡུ་སྒྲིག་བྱེད་པ། སྣ་མང་པོ་ནས་འགལ་བ་ཐག་གཅོད་ཐུབ་པའི་ལས་སྟེགས་བསྐྲུན་པ། ལས་དོན་སྒྲུབ་ནུས་པ་དང་ལས་དོན་སྒྲུབ་ཐུབ་པའི་རྣམ་པ་གྲུབ་པར་བྱས་ཏེ། འགལ་བ་སྔར་ལས་ཐག་གཅོད་བཟང་བོ་བྱེད་པ་དང་ཉེན་ཁ་སྔོན་འགོག་བྱེད་པ། བརྟན་འཇགས་ལ་སྲུང་སྐྱོང་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་ནས་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། འགལ་ཟླ་དང་རྩོད་གཞི་སྣ་མང་སེལ་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དབྱེ་ཞིབ་ཞིབ་འཇུག་ནན་ཏན་བྱེད་པ། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་པ། འགག་རྩའི་ལྷུ་ཚིགས་དམ་འཛིན་བྱེད་པ། ལམ་སྲོལ་འཐུས་ཚང་དུ་གཏོང་བ། དམངས་ལ་ཞབས་འདེགས་ཞུ་བ། དཔུང་ཁག་འཛུགས་སྐྱོང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། རྩ་འཛུགས་འགན་ལེན་སོགས་ཐད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྟོབས་ཤུགས་བསྡུ་སྒྲིག་དང་ཐོན་ཁུངས་བསྡུ་སྒྲིག ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་འགལ་བ་ཡོད་ཚད་ཕྱོགས་མང་པོ་ནས་ཐག་གཅོད་ཐུབ་པའི་ལས་སྟེགས་ཚད་ལྡན་ངང་འཁོར་སྐྱོད་དང་དངོས་དོན་བཀོལ་སྤྱོད་ཐུབ་པར་བྱས་ཏེ། གཞི་རིམ་བཅོས་སྐྱོང་བྱེད་ནུས་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་བར་རོགས་བྱེད་དགོས།

ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན་སོགས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་འཚོགས་པ་དང་། རྫོང་རིམ་པ་དང་རིམ་པ་སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཁྲིམས་ཁང་། སྤྱི་བདེ། ཁྲིམས་འཛིན་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་བློ་མཐུན་སོ་སོར་ཡུལ་དངོས་ཚོགས་ར་དང་ཡན་ལག་ཚོགས་རར་ཞུགས། ཚོགས་འདུའི་སྐབས་སུ་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་ཚོགས་ཞུགས་བློ་མཐུན་གྱིས་མཚོ་ནུབ་ཁུལ་དང་མཚོ་ཤར་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས་དང་སྤྱི་ཚོགས་བཅོས་སྐྱོང་སྣ་འཛོམས་ཞབས་ཞུ་ལྟེ་གནས། བདེ་འཇགས་འཛུགས་སྐྲུན་ཞབས་ཞུ་ལྟེ་གནས་བཅས་ལ་སོང་ནས་ལྟ་སྦྱོང་བྱས།