ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2023.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་།   ཅང་སུའུ་ལ་གཟིགས་ཞིབ་མཛད་སྐབས་བཅས་ཀྱི་གསུང་བཤད་གལ་ཆེན་དང་འབྲེལ་ཡོད་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།    རང་ཞིང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད།  འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་བྱས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས་ནས་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་པ་དེས།    སྟོང་ལོའི་འཆར་གཞི་ཆེན་པོར་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་གྲོང་ཁྱེར་འཕེལ་རྒྱས་ལ་བསམ་གཞིགས་ནན་མོ་བཏང་བ་མངོན་པར་མཚོན་ཡོད།   ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ཞུང་ཨན་ཁུལ་གསར་གྱི་གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ།  སྐྱེ་ཁམས་སྲུང་སྐྱོབ་སོགས་ཕྱོགས་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་དཔྱད་གཞིར་འཛིན་པ་དང་།    ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་གྲོང་ཁྱེར་འཛུགས་སྐྲུན་ལ་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གྲོང་ཁྱེར་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་དྲུག་པའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་ཟུང་འབྲེལ་གཉིས་དང་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག་སོགས་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་།   ཚད་མཐོ་བའི་རིག་གཞུང་ཡིད་རྟོན་དང་རིག་གཞུང་རང་རྟོན་མངོན་པར་བྱས་ཡོད་པས།    ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིག་གཞུང་ལ་རྒྱུན་ཆད་མེད་པར་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་།    དེའི་ཁྲོད་ཀྱི་ལས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ།  བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གནད་དོན་དབྱེ་ཞིབ་དང་ཐག་གཅོད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས།

གྲོས་ཚོགས་སྟེང་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དེ་མཚོ་སྔོན་ལ་མཚོན་ན་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་མ་ལག   ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན།   དམངས་ཚིས་ལེགས་བཅོས་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་ཀྱི་མི་འདང་ས་ཧུར་ཐག་གིས་ཁ་གསབ་བྱེད་པ་དང་།    གཞི་གྲངས་དཔལ་འབྱོར་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།   ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བཅས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ།   ཀྲུང་ཧྭ་མི་རིགས་ཀྱི་དཔལ་ཡོན་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱེད་པ།  དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ།   བསླབ་ནས་ལས་ལ་སྐུལ་བའི་སྟེང་གྲུབ་འབྲས་བཟང་བོ་ལེན་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་གསར་པར་སྐུལ་འདེད་ནན་མོ་གཏོང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་དེས་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་ཆེས་མཐོ་བའི་རྩ་དོན་དང་རྩ་བའི་འགན་འཁྲི།   ལས་འགན་གལ་ཆེན། བྱེ་བྲག་གི་བླང་བྱ་བཅས་གསལ་བོར་བཏོན་ཡོད་པས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་།  རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ།   དགོངས་དོན་གྱི་ངོ་བོར་རྒྱུས་ལོན་དང་ལག་བསྟར་ལ་སྐུལ་འདེད་གཏོང་བ།   གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་སྔར་ལས་གཅིག་བསྡུས་བྱེད་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ནན་མོ་གཏོང་བ་དང་།   ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པ་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཁོངས་མི་དང་ཐུན་མོང་གྲོས་མོལ་གནང་སྐབས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པ་དང་།   ཞིང་ཆེན་གུང་གཞོན་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་བློ་དཀར་དང་འགན་འཁྲི་ཁག་ཁུར།   བརྩེ་བ་ཟབ་མོ།  འཐབ་རྩོད་འཇོན་ནུས་བཅས་ལ་སློབ་སྦྱོང་བྱས་ནས་རང་ཞིང་གི་གུང་གཞོན་ཚོགས་པའི་ལས་དོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།   རྒྱལ་ཁབ་སྤྱིའི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་སྟོབས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་དགོས་པ་དང་།   སྒོ་འབྱེད་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་པ།   ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཛའ་མཐུན་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ།  བསླབ་ནས་སྤྱོད་བཟང་སྐྱོང་བ།  བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་གཅིག་གྱུར་སྒོས་རྒྱུས་ལོན་བྱེད་པ་དང་།    རིག་གཞུང་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག   འཕེལ་རྒྱས་ལ་སྐུལ་འདེད།   ལྟ་ཞིབ་དག་བཅོས་བཅས་ཀྱི་བྱེད་ཐབས་གལ་ཆེན་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ།  ཀྲུང་དབྱང་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར།   གནད་དོན་ལ་ཡང་དང་བསྐྱར་དུ་ལྟ་ཞིབ་དང་དག་ཐེར་བཅོས་སྐྱོང་ལ་ཡང་དང་བསྐྱར་དུ་ཤུགས་བསྣན་ནས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་གཅིག་གྱུར་འཆར་འགོད་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་ལས་བྱེད་པར་བཅངས་པའི་ཐུགས་ཁུར་དང་བརྩེ་བར་རྒྱུས་ལོན་ཟབ་མོ་བྱེད་པ་དང་།   འབྲེལ་ཡོད་སྲིད་ཇུས་སྦྲེལ་མཐུད་དང་ཤུགས་རྐྱེན་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས་སྲིད་ཇུས་དོན་འཁྱོལ་ནན་མོ་བྱེད་དགོས།     སྔོན་འགོག་གཙོར་འཛིན་པ་དང་།  སྔ་མོ་ནས་སྔོན་འགོག་དང་སྔ་མོ་ནས་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།   ལས་བྱེད་པའི་བདེ་ཐང་ཡིག་ཚགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།  བདེ་ཐང་ལྟ་ཞིབ་དང་ཉེན་ཁའི་སྔོན་བརྡ་སོགས་བྱེད་ཐབས་བརྒྱུད་དེ་བདེ་ཐང་ཞབས་ཞུའི་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་དགོས།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་སྐོར་ཞིབ་བྱ་བའི་འཆར་འགོད་ལ་གྲོས་ཞིབ་བྱས།  གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   སྐོར་ཞིབ་ཀྱི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་།   ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་ལ་རྒྱུས་ལོན་ནན་མོ་བྱེད་པ།  བརྗོད་དོན་སློབ་གསོ་དང་དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་།   སྤྱོད་ཚུལ་འབུར་ཐོན་གནད་དོན་ཐད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་སོགས་བྱ་བ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།   སྐོར་ཞིབ་སྟོབས་ཤུགས་ལེགས་འདེམ་ལེགས་བཀོལ་བྱས་ནས་ན་གཞོན་ལས་བྱེད་པ་རྣམས་སྐོར་ཞིབ་བྱ་བའི་ཁྲོད་ཞུགས་པ་བརྒྱུད་དེ་སློབ་གསོ་དང་ལེན་དང་།   སྐོར་ཞིབ་ལས་བྱེད་པའི་དཔུང་སྡེའི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་སྟེ་སྤྱོད་ཚུལ་ངན་པ་འབྱུང་བར་སྔོན་འགོག་དང་བཅོས་སྐྱོང་བྱེད་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཀྲེ་ཅང་དང་ཧྲང་ཧེ་རུ་སོང་ནས་ལྟ་ཞིབ་བརྗེ་རེས་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།   གྲོས་ཚོགས་སྟེང་བསྟན་དོན།   སློབ་སྦྱོང་གྲུབ་འབྲས་ལ་སྔར་ལས་ཤེས་རྟོགས་དང་གྱན་རྒྱ་བཞག་པའི་ལས་གཞི་སྔར་ལས་དོན་འཁྱོལ་བྱེད་པ།   བརྗེ་རེས་མཉམ་ལས་སྔར་ལས་མཐོར་འདེགས་བཏང་སྟེ་ཁ་གཏད་རོགས་སྐྱོར་བྱ་བར་གྲུབ་འབྲས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་།   ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བདུན་པའི་ཟླ་མཇུག་ཏུ་ཟི་ལིང་དུ་བསྡུ་རྒྱུ་ཐག་བཅད།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།

                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།