ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་ཐད་གྲུབ་འབྲས་གལ་ཆེན་བླངས་པ་དང་། ཏང་གིས་དྲ་རྒྱ་དང་ཆ་འཕྲིན་བྱ་བར་འགོ་ཁྲིད་བྱེད་ཤུགས་ཕྱོགས་ཡོངས་ནས་ཇེ་ཆེར་སོང་ལ། དྲ་རྒྱའི་བར་སྟོང་གི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་རྒྱ་སྐྱེད་དུ་སོང་ཞིང་། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་ཕལ་ཆེར་གྲུབ་པ་དང་། དྲ་རྒྱའི་བདེ་འཇགས་འགན་སྲུང་མ་ལག་དང་ནུས་པ་བསྟུད་མར་ཇེ་དྲག་ཏུ་སོང་ལ། དྲ་རྒྱའི་ཆ་འཕྲིན་ཁྱབ་ཁོངས་ཀྱི་ཚན་རྩལ་རང་བརྟེན་རང་བརྩོན་གོམ་སྟབས་ཇེ་མགྱོགས་སུ་སོང་ཞིང་། ཆ་འཕྲིན་ཅན་གྱི་སྐུལ་ཁྲིད་ཁྲིད་སྟོན་ནུས་པ་ནུས་ལྡན་སྒོས་བཏོན་པ་དང་། དྲ་རྒྱའི་བར་སྟོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་ལ། དྲ་རྒྱའི་བར་སྟོང་གི་རྒྱལ་སྤྱིའི་སྐད་ཆ་བཤད་དབང་དང་ཤན་ཤུགས་མངོན་གསལ་གྱིས་ཇེ་ཆེར་སོང་སྟེ། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་གོམ་སྟབས་གསར་པ་སྤོས་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར། དྲ་རྒྱ་དང་ཆ་འཕྲིན་ལས་དོན་གྱི་གོ་གནས་དང་ནུས་པ་གལ་ཆེན་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་ཤིང་། ཏང་ཀྲུང་དབྱང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། དར་ཆ་སྒྲེང་བ་དང་དམངས་སེམས་སྡུད་པ། ཉེན་ཁ་འགོག་པ། བདེ་འཇགས་སྲུང་བ། བཅོས་སྐྱོང་བསྐྱེད་པ། དམངས་ཚིས་ལ་ཕན་འདོགས་པ། སྒུལ་ནུས་བསྐྱེད་པ། འཕེལ་རྒྱས་ལ་སྐུལ་བ། མཉམ་ལས་གཉེར་བ། མཉམ་རྒྱལ་ལ་བརྩོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་དངོས་སུ་ཕྲག་ཏུ་བླངས་ཏེ། ཏང་གིས་མཉམ་འབྲེལ་དྲ་བར་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་དང་། དྲ་རྒྱ་དང་ཆ་འཕྲིན་གྱི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་དྲ་རྒྱ་བཅོས་སྐྱོང་གི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས། འཕེལ་རྒྱས་ལ་བདེ་འཇགས་གཅིག་འདོམས་བྱེད་རྒྱུ་རྒྱུན་འཁྱོངས། དྲང་ཕྱོགས་ཀྱི་ནུས་ཚད་ནི་སྤྱིའི་བླང་བྱ་ཡིན་པ་དང་། དོ་དམ་བཟང་བོ་བྱེད་རྒྱུ་ནི་གནས་ལུགས་ངོ་མ་ཡིན་ལ། བཀོལ་སྤྱོད་བཟང་བོ་བྱེད་རྒྱུ་ནི་ནུས་པ་ངོ་མ་ཡིན་པ་བཅས་རྒྱུན་འཁྱོངས། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་རྒྱུ་རྒྱུན་འཁྱོངས། ཆ་འཕྲིན་ཅན་གྱི་སྐུལ་ཁྲིད་ཁྲིད་སྟོན་ནུས་པ་འདོན་རྒྱུ་རྒྱུན་འཁྱོངས། ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་ཁྲིམས་ལྟར་དྲ་རྒྱ་གཉེར་བ། ཁྲིམས་ལྟར་དྲ་རྒྱར་ཞུགས་པ་བཅས་རྒྱུན་འཁྱོངས། དྲ་རྒྱའི་བར་སྟོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་དྲ་རྒྱ་དང་ཆ་འཕྲིན་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། དྲ་རྒྱ་དང་ཆ་འཕྲིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་བ་དང་། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཕན་འབྲས་གསར་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། གཅིག་འདོམས་མཐུན་སྦྱོར་ཇེ་དྲག་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་དྲ་རྒྱའི་ཆ་འཕྲིན་བྱ་བར་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་པ་དང་། རིམ་པ་སོ་སོའི་དྲ་རྒྱ་དང་ཆ་འཕྲིན་སྡེ་ཁག་གིས་ཏང་དང་མི་དམངས་ལ་བློ་དཀར་བ་དང་། ཁག་ཁུར་བྱེད་ཕོད་པ། གསར་སྤེལ་གསར་གཏོད་བྱེད་མཁས་པ། འཐབ་རྩོད་བྱེད་ཕད་པ། བྱས་རྗེས་འཇོག་འདོད་པ་བཅས་ལ་བརྟེན་ནས། དྲ་རྒྱ་དང་ཆ་འཕྲིན་ལས་དོན་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བར་ཁག་ཐེག་སྟོབས་ཅན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་ནས་བཅོ་ལྔ་ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་མཛད།
ཟླ༧པའི་ཚེས༡༤ཉིན་ནས་ཚེས༡༥ཉིན་བར། རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་མཛད།
ཚའེ་ཆི་ཡིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དྲ་རྒྱ་དང་ཆ་འཕྲིན་བྱ་བའི་འགན་འཁྲི་ལས་འགན་མངོན་གསལ་དུ་བསྟན་པ་དང་། རྒྱུན་འཁྱོངས་བཅུའི་རྩ་དོན་གལ་ཆེན་གསལ་བོར་བསྟན་པར་མ་ཟད། དྲ་རྒྱ་དང་ཆ་འཕྲིན་བྱ་བར་བླང་བྱ་བཏོན་པར། ཆབ་སྲིད་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་དྲག་པོ་ལྡན་ཞིང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་དྲ་རྒྱ་དང་ཆ་འཕྲིན་བྱ་བ་བཟང་བོར་སྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད་པས། ང་ཚོས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་བསྟན།
ཚའེ་ཆི་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་དྲ་རྒྱ་དང་ཆ་འཕྲིན་ལས་དོན་ཐད་གྲུབ་འབྲས་གལ་ཆེན་ཐོབ་པའི་ཆེས་རྩ་བའི་རྒྱུ་མཚན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་མཛུབ་སྟོན་ཡོད་པས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་གྱིས་དྲ་རྒྱ་དང་ཆ་འཕྲིན་ལས་དོན་གོང་དུ་སྤེལ་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་ཡོད་ལ། ཏང་གི་དྲ་རྒྱ་དང་ཆ་འཕྲིན་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དེ་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་སུ་བཏང་ཡོད། དེ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་དྲ་རྒྱ་དང་ཆ་འཕྲིན་ལས་དོན་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བ་དང་། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པས། ང་ཚོས་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་དགོས་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱས་ཏེ། དགོངས་པ་གལ་ཆེན་དེ་དྲ་རྒྱ་དང་ཆ་འཕྲིན་བྱ་བའི་བརྒྱུད་རིམ་ཧྲིལ་བོར་དངོས་སུ་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཚའེ་ཆི་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པས་དྲ་རྒྱ་དང་ཆ་འཕྲིན་བྱ་བར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད་པས། འགན་འཁྲི་དང་ལས་འགན་ཡིད་ལ་དམ་པོར་བཟུང་ནས། ལས་འགན་དང་བྱེད་ཐབས་ཇེ་ཞིབ་ཏུ་བཏང་སྟེ། ཧུར་ཐག་གིས་དོན་འཁྱོལ་བྱེད་དགོས། དྲ་ལམ་གྱི་དྲང་ཕྱོགས་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་འགོག་པ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་ནུས་ཇེ་མཐོར་གཏོང་བ། དྲ་རྒྱའི་སྐྱེ་ཁམས་བཟང་བོ་ཆགས་པར་བྱེད་པ་བཅས་བྱས་ཏེ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་བྱ་བའི་འགོ་ཁྲིད་དབང་ཆ་དམ་པོར་འཛིན་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་འཐབ་ཇུས་དང་ལས་འགན་གལ་ཆེན་ལག་བསྟར་བྱེད་པ། དྲ་རྒྱ་ཆེན་པོའི་བདེ་འཇགས་བྱ་བའི་རྣམ་པ་བསྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ལྕགས་རི་བརྟན་པོར་བསྐྲུན་དགོས། གསར་གཏོད་སྐུལ་ཁྲིད་དང་རང་བརྟེན་རང་ཚུགས། འཕེལ་རྒྱས་ནུས་སྣོན། འདྲ་མཉམ་ལ་ཕན་འདོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞན་ཆ་དང་མི་འདང་ས་བསྒྱུར་ནས། ཆ་འཕྲིན་ཅན་གྱི་སྐུལ་ཁྲིད་ཁྲིད་སྟོན་ནུས་པ་འདོན་དགོས། དྲ་རྒྱའི་ཁྲིམས་འཛུགས་ཁྲིམས་བསྟར་ཁྲིམས་འཛིན་ཁྲིམས་གདལ་བཅས་ལ་ཤུགས་བསྣན་ནས། དྲ་རྒྱའི་བར་སྟོང་གི་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། དྲ་རྒྱ་དང་ཆ་འཕྲིན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། ཏང་གིས་མཉམ་འབྲེལ་དྲ་བར་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གིས་དྲ་རྒྱ་དང་ཆ་འཕྲིན་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ། ཀྲུང་དབྱང་དྲ་རྒྱ་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་དང་དེའི་ཁོངས་གཏོགས་ལས་ཁུངས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་བཅས་དང་། དྲ་རྒྱ་ཆ་འཕྲིན་སྡེ་ཁག་གིས་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། མཉམ་ཤུགས་གྲུབ་པར་བྱས་ནས་དྲ་རྒྱ་དང་ཆ་འཕྲིན་བྱ་བའི་གསོན་ཉམས་ལྡན་པའི་རྣམ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་ཡིས་སྤྱི་སྡོམ་གཏམ་བཤད་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། གཏན་ཕབ་གཉིས་ལ་བློ་བརྟན་འགྱུར་མེད་སྒོས་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ནས། དར་ཆ་སྒྲེང་བ་དང་དམངས་སེམས་སྡུད་པ། ཉེན་ཁ་འགོག་པ། བདེ་འཇགས་སྲུང་བ། བཅོས་སྐྱོང་བསྐྱེད་པ། དམངས་ཚིས་ལ་ཕན་འདོགས་པ། སྒུལ་ནུས་བསྐྱེད་པ། འཕེལ་རྒྱས་ལ་སྐུལ་བ། མཉམ་ལས་གཉེར་བ། མཉམ་རྒྱལ་ལ་བརྩོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་དངོས་སུ་ཕྲག་ཏུ་ལེན་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་དྲ་རྒྱ་དང་ཆ་འཕྲིན་བྱ་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་མཚོན་པར་བྱས་ནས། དྲ་རྒྱ་དང་ཆ་འཕྲིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་ལ་རྒྱབ་བརྟེན་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བསྟན།
པེ་ཅིང་གྲོང་ཁྱེར་དང་ཧྲང་ཧེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་དམངས་ཉིན་རེའི་ཚགས་པར་ཁང་སོགས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།
ཧྲི་ཐའེ་ཧྥིན་དང་ཧི་ལིས་ཧྥིན། ཀྲང་ཡིའུ་ཞ། ཁྲིན་ཝུན་ཆིན། ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་སོགས་གྲོས་ཚོགས་ལ་ཞུགས།
ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ཞིང་ཆེན་དང་ལྗོངས། གྲོང་ཁྱེར་སོ་སོ་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་རྒྱལ་དབང་ཁེ་ལས། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས། ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ་སོགས་ཀྱི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།